འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་27ཉིན།

༄༅།།ཁྲུང་ཁྲུང་སྐེ་ནག་གནས་སྤོ་བཞིན་པ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་27ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཁྲུང་ཁྲུང་སྐེ་ནག་གནས་སྤོ་བཞིན་པ།
   གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་ཡར་ཀླུང་གཙང་པོའི་བར་རྒྱུད་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྲུང་ཁྲུང་སྐེ་ནག་གནས་ཡུལ་བོད་ལྗོངས་ལྷུན་གྲུབ་རྫོང་སྟག་ལུང་མཚོར་འཁྲུག་ཆ་དོད་དུ་ཕྱིན་ཞིང་། དེ་རུ་དགུན་དུས་སུ་གནས་པའི་ཁྲུང་ཁྲུང་སྐེ་ནག་དཔྱིད་དུས་སུ་གནས་སྤོ་འགོ་ཚུགས་ཏེ། སེར་གླིང་མཚོའི་རྒྱལ་ཁབ་རིམ་པའི་ཁྲུང་ཁྲུང་སྐེ་ནག་རང་བྱུང་སྲུང་སྐྱོང་ཁུལ་དང་། བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ། དེ་བཞིན་ཀན་སུའུ་དང་མཚོ་སྔོན་སོགས་སུ་འཕུར་བཞིན་ཡོད། 
   ཁྲུང་ཁྲུང་སྐེ་ནག་ནི་རྒྱལ་ཁབ་ཀྱི་སྲུང་རིམ་དང་པོའི་སྲོག་ཆགས་ཤིག་ཡིན་པ་དང་། གཙོ་བོ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2500ནས་སྨི་5000བར་གྱི་ས་མཐོ་དང་། སྤང་ལྗོངས། འདམ་ ར་ཁུལ་བཅས་སུ་འཚོ་སྡོད་བྱེད་ཀྱི་ཡོད། ལོ་རེའི་ཟླ་10པའི་ཟླ་སྨད་དུ་ཁྲུང་ཁྲུང་སྐེ་ནག་མང་པོ་ཞིག་བོད་ཀྱི་སྨན་གླིང་རྫོང་དུ་དགུན་དུས་སྐྱེལ་གྱི་ཡོད་པ་དང་། ཕྱི་ལོའི་ཟླ་3པའི་ཟླ་མཇུག་དང་ཟླ་4པའི་ཟླ་འགོར་རྒྱུད་འཕེལ་བྱ་ཡུལ་དུ་འཕུར་གྱི་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ལོ་ལྟར་སྨན་གླིང་རྫོང་དུ་དགུན་སྐྱེལ་དུ་ཡོང་མཁན་ཁྲུང་ཁྲུང་སྐེ་ནག་གྲངས་འབོར་2005ལོར་1200ལྷག་ཙམ་ནས་2023ལོར་2500ལྷག་ཙམ་བར་མང་དུ་ཕྱིན་ཡོད་པ་རེད།
【1】  【2】  【3】  【4】  【5】  【6】  【7】
༄༅།།ཁྲུང་ཁྲུང་སྐེ་ནག་གནས་སྤོ་བཞིན་པ།