འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་26ཉིན།

༄༅།།བོད་ལྗོངས་སུ་ད་ལྟ་བདག་ཏུ་མ་བཟུང་བའི་སྒལ་ཚིགས་སྲོག་ཆགས་རིགས་1072ཡོད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་25ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།བོད་ལྗོངས་སུ་ད་ལྟ་བདག་ཏུ་མ་བཟུང་བའི་སྒལ་ཚིགས་སྲོག་ཆགས་རིགས་1072ཡོད།
     ཉེ་ཆར། གསར་འགོད་པས་བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཁོངས་སུ་ཁྲུང་ཁྲུང་སྐེ་ནག་དང་། ཤྭ་བ། གོང་མོ། བྱ་ཝང་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་པར་ལེན་ཐུབ་པ་རེད། ཉེ་བའི་ལོ་ཤས་རིང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་སོགས་རང་བྱུང་ཐོན་ཁུངས་ཁྲིམས་ལྟར་སྲུང་སྐྱོབ་བྱ་ཆེད། བོད་ལྗོངས་ཀྱིས་རྩེ་རིམ་ཇུས་འགོད་བྱེད་ཤུགས་ཆེ་རུ་བཏང་ནས། སྔ་རྗེས་སུ་《བོད་རང་སྐྱོང་ལྗོངས་ཀྱི་བདག་ཏུ་མ་བཟུང་བའི་རྩི་ཤིང་སྲུང་སྐྱོབ་བྱ་ཐབས་》དང་།《བོད་རང་སྐྱོང་ལྗོངས་ཀྱི་སྐམ་སའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱིས་སྤྱི་དམངས་ཀྱི་མི་ལུས་ལ་གནོད་འཚེ་དང་རྒྱུ་ནོར་ལ་གྱོང་གུན་བཟོས་པ་སྐྱིན་ཚབ་འཇལ་ཐབས་》《བོད་རང་སྐྱོང་ལྗོངས་ཀྱི་འདམ་ར་སྲུང་སྐྱོབ་ཀྱི་སྲོལ་ཡིག་》《བོད་རང་སྐྱོང་ལྗོངས་ཀྱི་〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས་〉ལག་བསྟར་བྱ་ཐབས་》སོགས་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་བསྒྲགས་བྱས་ཤིང་། ལག་ལེན་བསྟར་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་སོགས་ཐོན་ཁུངས་སྲུང་སྐྱོབ་དང་དོ་དམ་གྱི་ལས་ཀར་བཅའ་ཁྲིམས་ཀྱིས་འདེགས་སྐྱོར་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལྟ་བོད་ལྗོང་སུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས་1072དང་། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས་219ཡོད་པ་རེད། ཐོ་འགོད་བྱས་ཟིན་པའི་བདག་མེད་རྩི་ཤིང་རིགས་9600ལྷག་ཙམ་དང་། བོད་ལྗོངས་ལ་མ་གཏོགས་མེད་པའི་རྩི་ཤིང་རིགས་1075ཡོད། དཀོན་ཞིང་རྩ་ཆེ་ཞིང་སྟོངས་ཉེར་ཡོད་པའི་བདག་ཏུ་མ་བཟུང་བའི་རྩི་ཤིང་རིགས་383བཅས་ཡོད།
【1】  【2】  【3】
༄༅།།བོད་ལྗོངས་སུ་ད་ལྟ་བདག་ཏུ་མ་བཟུང་བའི་སྒལ་ཚིགས་སྲོག་ཆགས་རིགས་1072ཡོད།