འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་25ཉིན།

༄༅།།སའི་ཁབ་ལེན་འབར་གས་ཆེན་པོའི་ཉེན་བརྡ་བཏང་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་25ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སའི་ཁབ་ལེན་འབར་གས་ཆེན་པོའི་ཉེན་བརྡ་བཏང་འདུག
    ཟླ་3པའི་ཚེས་24ཉིན་དང་ཚེས་25ཉིན། ཚེས་26ཉིན་བཅས་ཉིན་གསུམ་ལ་སའི་ཁབ་ལེན་འབར་གས་འགུལ་སྐྱོད་འབྱུང་སྲིད་ལ། དེའི་ཁྲོད་ཀྱི་ཟླ་3པའི་ཚེས་25ཉིན་ལ་སའི་ཁབ་ལེན་དེ་རིམ་པ་འབྲིང་བ་ཡན་དང་ཐ་ན་སའི་ཁབ་ལེན་འབར་གས་ཆེན་པོ་འབྱུང་སྲིད། སྔོན་དཔག་བྱས་ན། སའི་ཁབ་ལེན་གྱི་འགུལ་སྐྱོད་དེ་ཚེས་26ཉིན་བར་རྒྱུན་མཐུད་རྒྱུ་རེད།
    དེའི་ཤུགས་རྐྱེན་འོག  བར་སྣང་ས་ཚིགས་ལ་རླུང་ཁམས་ཆེན་མོའི་འདྲུད་འཐེན་ལས་འཁོར་ལམ་མཐོ་ཚད་དམའ་རུ་འགྲོ་བ་དང་། སྲུང་སྐར་ཕྱོགས་སྟོན་སྒྲིག་ཆས་ཀྱི་ངེས་གནས་ཧེ་བག་ཆེ་རུ་འགྲོ་བ། མཁའ་འགྲུལ་འཕུར་སྐྱོད་ལ་འཕྲིན་གཏོང་ཁོར་ཡུག་ཇེ་སྡུག་ཏུ་འགྲོ་བ་དང་སྣེ་ཁུལ་སྒྲོལ་བའི་འགྱེད་འཕྲོ་འབྱུང་བའི་ཉེན་ཁ་ཉིས་བརྩེགས་འཕྲད་སྲིད། སྤྱི་དམངས་དང་ལྷག་པར་དུ་འཕྲིན་སྐྱེལ་ཕུག་རོན་རྩེད་མཁན་དང་སྣེ་འོད་ལ་དགའ་པོ་བྱེད་མཁན་གྱིས་སླད་ཕྱིན་ཉིན་འགའི་ནང་བར་སྣང་གནམ་གཤིས་ཆ་འཕྲིན་ལ་དོ་སྣང་བྱེད་དགོས། 
    ཐེངས་འདིའི་ཉི་མའི་འོད་ཀོར་དངོས་རྫས་འཕངས་འཕྲོ(CME)བརྒྱུད་རིམ་བྱུང་བའི་གནས་ཡུལ་ནི་ཕལ་ཆེར་སའི་གོ་ལ་དང་ཁ་གཏད་ཡིན་པས། སའི་གོ་ལ་ནས་བལྟས་ན། འཕྱུར་དངོས་དེ་སྒོར་ངོས་ཤིག་ཏུ་གྲུབ་པ་སྟེ། དེ་ནི་སྔོན་ཆད་ང་ཚོས་བཤད་པའི་“ཉི་མ་ཧྲིལ་འཛིན”ཞེས་པ་དེ་ཡིན། གློ་བུར་དུ་བྱུང་བའི་འབར་གས་འགུལ་སྐྱོད་དེ་རིགས་ལས་འཕྲོས་པའི་ཉི་མའི་དངོས་པོ་ནི་སའི་གོ་ལ་དང་བསྡུར་ན་མྱུར་ཚད་མགྱོགས་པ་དང་། ཁེབས་ཚད་ཆེ་བས། སའི་ཁབ་ལེན་གྱི་འགུལ་སྐྱོད་ཅུང་ཆེན་པོ་བྱུང་ཤས་ཆེ།
   མི་རྣམས་ཀྱིས་སྣེ་འོད་འཁྲབ་སྟོན་ལ་ལྟ་བའི་ངོས་ནས་བརྗོད་ན། སྣེ་འོད་ལ་དགའ་པོ་བྱེད་མཁན་ཚོས་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་མཐོང་ཐུབ། འོན་ཀྱང་། ཕྱོགས་གཞན་ཞིག་གི་ངོས་ནས་བརྗོད་ན། རྒྱ་ཆེའི་འཕྲིན་སྐྱེལ་ཕུག་རོན་རྩེད་མཁན་ལ་མཚོན་ན། མ་འོངས་པའི་ཉིན་འགའི་གནམ་གཤིས་ངན་པའི་ཆ་རྐྱེན་འོག་ཕུག་རོན་རྒྱང་ལ་གཏོང་བའི་བྱེད་སྒོ་གང་ཐུབ་ཀྱིས་ཉུང་དུ་གཏོང་དགོས།
    སའི་ཁབ་ལེན་འབར་གས་ནི་གང་འདྲ་ཞིག་ཡིན་ནམ། 
   ཆེས་དཔེ་མཚོན་ཅན་གྱི་ཉི་མ་འགས་འགྱུར་བྱུང་བའི་འགུལ་སྐྱོད་ཞིག་ཡིན་པའི་ངོས་ནས། ཉི་མའི་འོད་ཀོར་གྱི་དངོས་པོའི་འཕངས་འཕྲོ་བརྒྱུད་རིམ་གྱིས་ཏུན་དུང་ཕྱུར་ཅན་གྱི་ཉི་མའི་དངོས་རྫས་སྐར་ཆ་རེར་སྟོང་སྨི་བརྒྱ་ཕྲག་རེ་ཡི་མྱུར་ཚད་ཀྱིས་ཉི་མའི་ཕྱི་ངོས་དང་བྲལ་ཏེ། སྤུས་ཚད་དང་མགྱོགས་ཚད་ཆེན་པོ་འདུས་ནས་གྲུབ་པའི་སྒུལ་ནུས་ཡིན་པ་མ་ཟད། དེ་དག་གིས་ད་དུང་ཉི་མའི་ཁབ་ལེན་ར་བའི་ནུས་པ་ཆེན་པོ་འཁྱེར་ཡོད། གལ་ཏེ་སའི་གོ་ལར་ཕོག་ན། སའི་ཁབ་ལེན་ར་བའི་ཁ་ཕྱོགས་དང་ཆེ་ཆུང་གི་འགྱུར་ལྡོག་འབྱུང་སྲིད་དེ། དེ་ནི་སའི་ཁབ་ལེན་འབར་གས་ཞེས་པ་དེ་རེད། 
    ན་ནིང་ཟླ་12པར་སའི་ཁབ་ལེན་འབར་གས་ལས་བྱུང་བའི་སྣེ་འོད། 
    2023ལོའི་ཟླ་11ཚེས་30ཉིན། ཀྲུང་གོ་གནམ་གཤིས་ཅུས་དང་རྒྱལ་ཁབ་བར་སྣང་གནམ་གཤིས་ལྟ་ཞིབ་ཚད་ལེན་ཉེན་ཟོན་ཉེན་བརྡ་ལྟེ་གནས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། 2023ལོའི་ཟླ་11ཚེས་30ཉིན་དང་། ཟླ་12ཚེས་1ཉིན། ཚེས་2ཉིན་བཅས་ཉིན་གསུམ་ནང་སའི་ཁབ་ལེན་འབར་གས་འགུལ་སྐྱོད་ཐོན་བཟོ་ཡོད་པའི་ནང་། ཟླ་12ཚེས་1ཉིན་སའི་ཁབ་ལེན་འབར་གས་དེ་རིམ་པ་འབྲིང་བ་ཡན་དང་ཐ་ན་སའི་ཁབ་ལེན་འབར་གས་ཆེན་པོ་ཐོན་སྲིད་ཅིང་། སྔོན་དཔག་བྱས་ན། སའི་ཁབ་ལེན་འགུལ་སྐྱོད་དེ་ཟླ་12ཚེས་2ཉིན་བར་རྒྱུན་མཐུད་བྱ་རྒྱུ་ཡིན་པ་རེད། སའི་ཁབ་ལེན་འབར་གས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས། རང་རྒྱལ་གྱི་ཧེ་ལུང་ཅང་དང་། ནང་སོག  ཞིན་ཅང་སོགས་ས་ཁུལ་དུ་སྣེ་འོད་ཐོན་པ་མ་ཟད། ཐ་ན་པེ་ཅིང་དུའང་སྣེ་འོད་གསལ་པོར་མཐོང་བའམ་ལྟ་ཞིབ་ཚད་ལེན་གྱི་ཟིན་ཐོ་ཡོད་པ་རེད། 
    2023ལོའི་ཟླ་12པའི་ཚེས་1ཉིན། ཧེ་ལུང་ཅང་མོ་ཧི་ས་ཁུལ་དུ་སྣེ་འོད་མངོན། མོ་ཧི་གྲོང་ཁྱེར་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡིས་རི་མོ་འདོན་སྤྲོད་བྱས།
༄༅།།སའི་ཁབ་ལེན་འབར་གས་ཆེན་པོའི་ཉེན་བརྡ་བཏང་འདུག