འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་21ཉིན།

༄༅།།བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་ར་ཕུ་འཁྱགས་དོང་། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་21ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་ར་ཕུ་འཁྱགས་དོང་།
   ཉེ་ཆར། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་དཔལ་འབར་གྲོང་རྡལ་ཕུ་ཡུལ་གྲོང་ཚོ་གཉིས་པའི་ཁོངས་སུ་བང་རིམ་གཉིས་ལྡན་གྱི་ར་ཕུ་འཁྱགས་དོང་རྙེད་འདུག དེ་ནི་གོང་དཀར་འཁྱགས་དོང་དང་ཐད་ཀའི་བར་ཐག་སྤྱི་ལེ་15ཙམ་ཡོད་པ་རེད། འཁྱགས་ཁུང་ནང་ཁུལ་ཏུ་དུང་འཁྱིལ་དབྱིབས་ཅན་གྱི་རྣམ་པ་ཆགས་ཡོད།  
   རྩད་ཞིབ་ཐིག་ལེན་རགས་ཙམ་བྱས་པ་ལྟར་ན། འཁྱགས་ཁུང་གི་རིང་ཚད་ལ་སྨི་300ཙམ་ཡོད་པ་དང་། འཁྱགས་ཁུང་གི་མཐིལ་བར་དུ་མཐོ་ཚད་ལ་ཧ་ལམ་སྨི་30དང་ཞེང་ཚད་སྨི་9ཡོད་ཅིང་། མཐོ་རིམ་འཁྱགས་ཁུང་ནི་རིམ་གཉིས་འཁྱགས་ཁུང་ཡིན་ཞིང་། མཐོ་ཚད་ལ་ཧ་ལམ་སྨི་12དང་ཞེང་ཚད་ལ་སྨི་8ཡོད། འདི་ནི་ད་ཆ་དཔལ་འབར་རྫོང་དུ་ཤེས་རྟོགས་བྱུང་བའི་གཡུ་མདངས་རྒྱས་པའི་འཁྱགས་དོང་ཆེན་པོ་གསུམ་པ་དེ་རེད། 
【1】  【2】  【3】
༄༅།།བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་ར་ཕུ་འཁྱགས་དོང་།