༄༅།།ཀྲེ་ཅང་ཉིང་པོར་སོ་ནམ་ལས་ལ་བྲེལ་བ།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 03ཚེས་21ཉིན། 10:11】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ནི་ཟླ་3ཚེས་19ཉིན་ཀྲེ་ཅང་ཞིང་ཆེན་ཡུས་ཡའོ་གྲོང་ཁྱེར་མཱ་ཀྲུའུ་གྲོང་རྡལ་ཡའོ་ཅེ་ནུང་གྲོང་ཚོའི་གྲོང་མིས་འདྲུད་འཐེན་འཕྲུལ་འཁོར་བཏང་ནས་ཞིང་ནང་དུ་རྨོ་འདེབས་ལས་ལ་བྲེལ་བཞིན་པ།
ཉེ་ཆར། གནམ་གཤིས་དྲོ་རུ་སོང་བ་དང་བསྟུན་ནས། ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་ཡུས་ཡའོ་གྲོང་ཁྱེར་གྱི་ས་གནས་ཁག་གི་ཞིང་པས་དཔྱིད་རྨོད་དཔྱིད་འདེབས་དང་ཞིང་ནང་གཡོག་བྱེད་ཀྱི་འགག་རྩའི་དུས་ཚོད་དམ་འཛིན་བྱས་ཏེ། ཞིང་ནང་དང་མུ་ཁར་བསྐྱོད་ནས་རྨོད་རྒྱག་པ་དང་། ས་བོན་འདེབས་པ། རྩྭ་ངན་བཀོག་པ། ཞིང་སྨན་གཏོར་བ་སོགས་གང་སར་བྲེལ་བརྩོན་གྱི་རྣམ་པས་ཁེངས་བཞིན་ཡོད།