འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་20ཉིན།

༄༅།།ཞིན་ཅང་དུ་ཡོད་པའི་ནང་བསྟན་གྱི་བྲག་ཕུག

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་20ཉིན། 15:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   


    ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་པའེ་ཁྲེང་རྫོང་གི་ཁེ་ཙེར་བྲག་ཕུག་ནི་མུའུ་ཀྲ་ཨེར་ཐེ་ཆུ་བོའི་བྱང་འགྲམ་གྱི་གཡང་གཟར་ཏུ་ཆགས་ཡོད། དེ་ནི་ཀྲུང་གོའི་མངའ་ཁོངས་སུ་ཡོད་པའི་ནང་བསྟན་གྱི་བྲག་ཕུག་སྔ་ཤོས་ཁྲོད་ཀྱི་གཅིག་ཡིན་པ་དང་། བྲག་ཕུག་ནང་ལྡེབས་རིས་དང་སྐུ་བརྙན་སྤུས་ལེགས་མང་དུ་ཡོད། གཞན་དང་མ་འདྲ་བ་ཞིག་ནི་གནས་འདིའི་སྐུ་འདྲ་ཁ་ཤས་ལ་ཡོབ་གླིང་པའི་བཞིན་རིས་ཀྱི་ཁྱད་ཆོས་ལྡན་ཡོད། 
    པའེ་ཁྲེང་རྫོང་ནི་ལོ་རྒྱུས་ཐོག་གི་གནའ་བོའི་ཆིའུ་ཚི་རྒྱལ་ཁབ་ཀྱི་གནས་ཡུལ་ཡིན་ཞིང་། ཆིའུ་ཚི་ནི་གནའ་རབས་ཀྲུང་གོའི་ནུབ་རྒྱུད་ཀྱི་རྒྱལ་ཕྲན་རྒྱལ་ཁབ་གལ་ཆེན་ཞིག་ཡིན། ཧན་རྒྱལ་རབས་གཉིས་ཀྱི་དུས་སྐབས་སུ། གནས་འདི་ནི་ནུབ་རྒྱུད་ཀྱི་ས་ཆ་གཙོ་བོ་དང་། ཤར་ནུབ་འདྲེས་ཡུལ། རྒྱལ་ཁབ་ཕྱི་ནང་འདུ་འཛོམས་བྱེད་ས་དེ་ཡིན། ལོ་ངོ་ཉིས་སྟོང་ལྷག་གི་སྔོན་ལ། གནའ་བོའི་དར་གོས་ཚོང་ལམ་གནས་འདི་ནས་བརྒྱུད་པ་དང་། ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་རིག་གནས་སྒྱུ་རྩལ་འདི་ནས་འཕྲད་ཅིང་འདྲིས་པར་གྱུར་བས། ཤུལ་བཞག་རྩ་ཆེན་མང་དུ་བྱུང་ཡོད། 
   ད་ལོ་ནི་གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཏོན་ནས་ལོ་གཅིག་འཁོར་བའི་ལོ་ཞིག་ཡིན་པ་དང་། ཁེ་ཙེར་བྲག་ཕུག་གིས་མཚོན་པའི་ཆིའུ་ཚིའི་བྲག་ཕུག་སྒྱུ་རྩལ་གྱིས་ང་ཚོར་དར་གོས་ལམ་བུའི་ཐོག་གི་ཤེས་དཔལ་མི་འདྲ་བའི་བར་ཕན་ཚུན་མཉམ་འདྲེས་སྤེལ་རེས་དང་། རྒྱན་ཐོག་རྒྱག་བརྩེགས་ཀུན་ནས་མཛེས་པའི་གཏམ་རྒྱུད་མུ་མཐུད་བརྗོད་རྒྱུ་རེད།