འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་20ཉིན།

༄༅།།ཀན་སུའུ་ཡིས་མཐོ་སློབ་སློབ་ཐོན་སློབ་མ་ཆིག་ཁྲི་གཞི་རིམ་དུ་ལས་ཞུགས་བྱེད་པར་རྒྱབ་སྐྱོར་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་20ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ལན་ཀྲོའུ་ནས་ཟླ་3ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀན་སུའུ་ཡིས《ལས་ཞུགས་ཐུབ་མེད་པའི་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མ་ཁྲི་1གཞི་རིམ་དུ་ལས་ཞུགས་དང་དེ་བཞིན་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་30ལས་ཞུགས་ཐུབ་པར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས་2024ལོར་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཁ་གསབ་འོས་འཚམ་སྤྲོད་པ་དང་སློབ་ཐོན་སློབ་མ་དང་མི་སྤྱོད་ཚན་པ་ཕྱོགས་གཉིས་ཀྱིས་གདམ་ག་བྱེད་པའི་བྱ་ཐབས་སྤྱད་དེ་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མ་ཁྲི་1གཞི་རིམ་ཚན་པར་ལས་ཞུགས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་རྣམ་གྲངས་ལག་བསྟར་གྱི་དུས་ཚད་ལོ་གསུམ་ཡིན་པ་རེད།
   《ཇུས་གཞིའི》ནང་ལས་ཞུགས་ཚན་པའི་ཁྱབ་ཁོངས་ནི་རྫོང་རིམ་པ་དང་དེ་བཞིན་དེ་མན་གྱི་སློབ་གསོ་དང་། འཕྲོད་བསྟེན་སྒྲིག་གཞི། ཁྲོམ་གཞུང་སྡེ་ཁུལ། གཞི་རིམ་ས་ཚིགས་དང་སུའོ་བཅས་དང་དེ་བཞིན“ཆེད་ལེགས་ཁྱད་གསར”བཅས་ཀྱི་ཁེ་ལས་འབྲིང་ཆུང་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས། སྐྱེ་ཁམས་ཐོན་ལས་ཆེན་པོ་བཅུ་དང་འབྲེལ་བ་ཡོད་པའི་གཞུང་ཁོངས་ཁེ་ལས་དང་། དམངས་གཉེར་ཁེ་ལས། དམངས་གཉེར་ཁེ་ལས་མིན་པའི་ཚན་པ་སོགས་རེད། ཀན་སུའུ་ཡི་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་མི་རེར་ཟླ་རེར་སྒོར་1500ཡི་ཚད་གཞི་ལྟར་རྣམ་གྲངས་མི་སྣར་འཚོ་བའི་ཁ་གསབ་སྤྲོད་རྒྱུ་དང་ཁ་གསབ་ཀྱི་ལོ་ཚད་ལོ་3ཡིན་པ་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ལོ་གསུམ་ནང་ཁྱོན་དངུལ་སྒོར་དུང་ཕྱུར་5.4བཀོད་སྒྲིག་བྱ་རྒྱུ་རེད།
   འདི་ལོའི་ཟླ་8པའི་ཟླ་མཇུག་གོང་། ཀན་སུའུ་ཡི་འབྲེལ་ཡོད་སྡེ་ཚན་གྱིས་ཆ་རྐྱེན་དང་མཐུན་པའི་མི་སྤྱོད་ཚན་པ་དང་མཐོ་སློབ་སློབ་ཐོན་སློབ་མ་སྒྲིག་འཛུགས་བྱས་ནས་ཕན་ཚུན་འབྲེལ་མཐུད་དང་རང་མོས་གདམ་ག་བྱེད་བཅུག་སྟེ་ངལ་རྩོལ་གན་རྒྱ་འཇོག་རྒྱུ་རེད། གདན་ཞུ་བྱས་པའི་སློབ་ཐོན་སློབ་མའི་ལས་ཀའི་ཉམས་མྱོང་ཡང་གཞི་རིམ་ལས་ཀའི་ཉམས་མྱོང་ལ་བརྩི་རྒྱུ་ཡིན་པ་དང་ རྣམ་གྲངས་ཁ་གསབ་ཀྱི་དུས་ཡུན་ནང་། སློབ་མ་ཚོས་སྲིད་ཇུས་རང་བཞིན་གྱི་ལས་གནས་སྣ་ཚོགས་དང་ལས་བྲལ་ཞིབ་འཇུག་སློབ་མ་སོགས་བསྡུ་བའི(གདན་ཞུ)ཡིག་རྒྱུགས་ལ་ཞུགས་ཆོག རྣམ་གྲངས་མི་སྣ་ལས་གནས་ནས་བྲལ་རྗེས་ལས་གནས་སྟོང་པར་ལུས་རིགས་ལ་གྲོང་ཁྱེར་དང་རྫོང་གིས་ཁ་གསབ་མ་དངུལ་ལྷག་མའི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་རིམ་གསབ་བྱ་རྒྱུ་དང་རིམ་གསབ་མི་སྣས་ལོ་གསུམ་གྱི་ཁ་གསབ་སྲིད་ཇུས་ལོངས་སྤྱོད་བྱེད་ཆོག