འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་14ཉིན།

༄༅།།ལོ་རྒྱུས་ཟློས་གར་ཆེན་མོ་《རྒྱ་བཟའ་ཀོང་ཇོ》ཞེས་པ་འཁྲབ་འགོ་ཚུགས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་14ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ལོ་རྒྱུས་ཟློས་གར་ཆེན་མོ་《རྒྱ་བཟའ་ཀོང་ཇོ》ཞེས་པ་འཁྲབ་འགོ་ཚུགས།
    ཟླ་3ཚེས་12ཉིན། ལོ་རྒྱུས་ཟློས་གར་《རྒྱ་བཟའ་ཀོང་ཇོ》འཁྲབ་སྟོན་སྐབས་12པ་དངོས་སུ་འགོ་ཚུགས་པ་རེད། 
    ལོ་རྒྱུས་ཟློས་གར་ཆེན་མོ་《རྒྱ་བཟའ་ཀོང་ཇོ》ཞེས་པར་ཀོང་ཇོ་བོད་དུ་ཕེབས་པ་བརྗོད་གཞིར་བཟུང་ནས། སྲོང་བཙན་སྒམ་པོ་དང་རྒྱ་བཟའ་ཀོང་ཇོ་གཉེན་སྒྲིག་པར་བརྟེན་ནས་མི་རིགས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་གཏམ་རྒྱུད་བརྗོད་པ་བརྒྱུད། དུས་རབས་གསར་པའི་བོད་ལྗོངས་གསར་པའི་མཛེས་ཉམས་དང་དར་རྒྱས་ཀྱི་རྣམ་པ་མངོན་པར་མཚོན་ཡོད། ལོ་11རིང་། རིམ་རྩིས་བྱས་ན་འཁྲབ་སྟོན་ཐེངས་1800ལྷག་ཙམ་བྱས་པ་དང་། འཁྲབ་སྟོན་དང་ཡུལ་སྐོར་ཆ་འགྲིག་གིས་རིམ་རྩིས་བྱས་ནས་ལྟད་མོ་བ་མི་ཐེངས་ཁྲི་3000ལྷག་ཙམ་སྣེ་ལེན་ཞུས་པ་མ་ཟད། ས་གནས་དེ་གའི་མང་ཚོགས་ལ་གླ་ཕོགས་སྒོར་དུང་ཕྱུར་4.8སྤྲད། འཁྲབ་སྟོན་འདི་ནི་བོད་ལྗོངས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་དཔེ་མཚོན་དང་། ཡུལ་སྐོར་བ་བོད་ལྗོངས་སུ་ཡུལ་སྐོར་དུ་བསྐྱོད་པའི་“གསེར་ཡིག་བྱང་བུ་”ལྟ་བུར་གྱུར་ནས། བོད་ལྗོངས་རིག་གནས་དང་ཡུལ་སྐོར་གྱི་བཀྲག་མདངས་འཚེར་བའི་མཚན་བྱང་བཏོད་ཡོད་པ་རེད།
     ད་ལོར། 《རྒྱ་བཟའ་ཀོང་ཇོ་》ཡི་ཞབས་བྲོའི་མཛེས་པ་མངོན་སྟངས་དང་། གློག་འོད་སོགས་ཀྱི་འཁྲབ་ཆས། གྱོན་ཆས་དང་སྡེབ་གཞས། འཁྲབ་སྟོན་གྱི་ཞིབ་ཆ། སྨྱན་སྦྱོར་གསར་པའི་ལག་རྩལ་བེད་སྤྱོད་སོགས་ཚང་མའི་ཐད་ནས་བློ་གྲོས་རྩལ་དུ་བཏོན་ཞིང་གསར་གཏོད་རིམ་སྤར་བྱས་ཡོད། 
     གཞན་ཡང་། གྲངས་ཀའི་མཐོང་ཚོར་དང་ཟོལ་དངོས་མཉམ་འདྲེས་ཐད་འཚོལ་ཞིབ་དང་གསར་གཏོད་བྱས་ནས། “རྣམ་པ་ལེགས་གྲས་”དྲ་ཐོག་ཏུ་ཤར་གཏོང་བྱས་པ་དང་། སྨྱན་སྦྱོར་སྣ་མང་བརྒྱུད་དེ་ཐད་གཏོང་བྱས་ནས་ཟློས་གར་ལ་ལྟ་བའི་“སྒོ་ཐེམ་”ལས་བརྒལ་ཏེ། “བར་ཐག་མེད་པར་”དབྱིངས་ཞུགས་རྣམ་པས་འཁྲབ་སྟོན་ལ་ལྟ་ཐུབ་པ་བྱས་ཡོད།
【1】  【2】  【3】  【4】  【5】  【6】  【7】  【8】
༄༅།།ལོ་རྒྱུས་ཟློས་གར་ཆེན་མོ་《རྒྱ་བཟའ་ཀོང་ཇོ》ཞེས་པ་འཁྲབ་འགོ་ཚུགས།