༄༅།།བཅའ་ཁྲིམས་འདི་དག་བཟོ་བཅོས་དང་གཏན་འབེབས་བྱ་རྒྱུ་རེད།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 03ཚེས་09ཉིན། 13:59】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ནང་། 2024ལོར་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་་རྒྱུར་དམིགས་ཏེ། འཐུས་མིའི་བཅའ་ཁྲིམས་དང་། ལྟ་སྐུལ་བཅའ་ཁྲིམས། ལྟ་ཞིབ་བཅའ་ཁྲིམས་སོགས་བཟོ་བཅོས་རྒྱག་དགོས་ཞེས་བཏོན་ཡོད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་འཛུགས་རྒྱུ་དང་། ཁྱོན་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུར་དམིགས་ནས། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་བཅའ་ཁྲིམས་དང་དམངས་གཉེར་དཔལ་འབྱོར་སྐུལ་སྤེལ་གཏོང་བའི་བཅའ་ཁྲིམས་སོགས་གཏན་འབེབས་བྱ་རྒྱུ་དང་། གཏེར་ཁའི་ཐོན་ཁུངས་སྐོར་གྱི་བཅའ་ཁྲིམས་དང་། ཁེ་ལས་ཀྱི་མ་རྩ་རྡིབ་པའི་བཅའ་ཁྲིམས། ཚུལ་མིན་འགྲན་རྩོད་ལ་རྒོལ་བའི་བཅའ་ཁྲིམས་སོགས་བཟོ་བཅོས་རྒྱག་རྒྱུ། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར་དམིགས་ཏེ། གློ་བུར་དུ་བྱུང་བའི་དོན་རྐྱེན་ལ་ཁ་གཏད་འཇལ་བར་དོ་དམ་བྱེད་པའི་བཅའ་ཁྲིམས་དང་ནུས་ཁུངས་སྐོར་གྱི་བཅའ་ཁྲིམས་སོགས་གཏན་འབེབས་བྱ་རྒྱུ་དང་། རྒྱལ་སྲུང་སློབ་གསོའི་སྐོར་གྱི་བཅའ་ཁྲིམས་དང་དྲ་རྒྱ་བདེ་སྲུང་གི་བཅའ་ཁྲིམས་བཟོ་བཅོས་རྒྱག་རྒྱུ་རེད།