འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་9ཉིན།

༄༅།།ཚོགས་འདུ་གཉིས·རིག་ནུས་སྨྱན་སྦྱོར་གྱི་སྙན་ཞུ། དེང་རབས་ཅན་གྱི་ཕུགས་འདུན་སྒྲུབ། སྲིད་གཞུང་གི་ལས་
དོན་སྙན་ཞུའི་ནང་གི་མ་འོངས་པའི་མདུན་ལམ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་09ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   


རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆ་5ཡས་མས་འཕར་བར་བྱས་ཏེ། ཚད་རྡུལ་ལག་རྩལ་དང་ཚེ་སྲོག་ཚན་རིག་སོགས་འགྲན་ལམ་གསར་པ་བཏོད་པ་དང་། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་བཏང་བ། སྨན་བཅོས་ཐོན་ཁུངས་སྤུས་ལེགས་གཞི་རིམ་དུ་གཏོང་བར་ཁྲིད་སྟོན་བྱས་པ་སོགས་སྲིད་གཞུང་གི་ལས་དོན་སྙན་ཞུ་ཡིས་ལོ་གསར་པའི་འཕེལ་རྒྱས་ཀྱི་རྣམ་པ་བཏོད་པ་རེད། མིག་མཐོང་ལག་ཟིན་གྱི་དམིགས་ཚད་དེ་དག་ལས་ང་ཚོས་གོམ་སྟབས་བརྟན་དུ་གཏོང་བ་དང་། ཡིད་ཆེས་ཀྱིས་ཁེངས་བཞིན་དུ་འབྱུང་འགྱུར་ལ་ཕྱོགས་ཡོད།