འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་7ཉིན།

༄༅།།རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞུས་ཧུང་ཧྥེ་ཡིས་གསུངས་དོན། ཀྲུང་ཧྭའི་རིག་རྩལ་གྱི་བརྩམས་ཆོས་སྤུས་དག“ཕྱིར་སྐྱོད”དང་
“ནང་འདྲེན”དང་“ཉར་འཇོག་ཐུབ་པ”བཅས་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་07ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉིན་ཤས་གོང་། ཀྲུང་གོ་ཀོང་ཀྲོའུ་ཡིས་འབྲུག་ལོའི་ལོ་རྟགས་བརྐོས་པའི་བརྩམས་ཆོས《བྱ་འབྲུག་བཀྲ་ཤིས》ཞེས་པ་སི་ཕེན་གྱི་སཱ་ལཱ་མན་ཁ་གྲོང་ཁྱེར་མ་ཡོར་ཐང་ཆེན་དུ་བཀྲམས་ནས། ས་གནས་དེ་གས་ལུགས་རྙིང་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་རིག་གནས་སྤེལ་རེས་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད། བརྩམས་ཆོས་དེ་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཀོང་ཏུང་ཞིང་ཆེན་མཛེས་རྩལ་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཧུང་ཧྥེས་བརྐོས་པ་ཞིག་ཡིན་ལ། ཁོང་གི་བརྩམས་ཆོས་དེ་འཛམ་གླིང་དུ་སྐོར་འགྲེམས་ས་ཚིགས་ཨང་56པ་དེ་ཡང་ཡིན།
     ལོ་མང་རིང་། ཞུས་ཧུང་ཧྥེ་ཡིས་སེམས་ནུས་ཡོད་རྒུ་བཏོན་ནས་ཀྲུང་གོའི་དེང་རབས་ཀྱི་སྒྱུ་རྩལ་བརྩམས་ཆོས་ཕྱི་རྒྱལ་དུ་བཀྲམས་ཏེ་འཛམ་གླིང་དང་འབྲེལ་མཐུད་ཀྱི་འབྲེལ་ཟམ་ཞིག་བཏོད་ཡོད། ཁོང་གིས་ཀྲུང་གོའི་རིག་གནས་དང་འཛམ་གླིང་སྦྲེལ་མཐུད་དངོས་ཐུབ་པར་བརྩམས་ཆོས་ལ་ངེས་པར་དུ་འཛམ་གླིང་གི་ཀུན་འཕྲོད་རང་བཞིན་དང་རང་གཤིས་མཚོན་པའི་ཁྱད་ཆོས་ལྡན་པ་དང་། ཡུལ་དེའི་གཙོ་རྒྱུན་རིག་གནས་དང་འཚོ་བའི་ནང་འདྲེས་པ་མ་ཟད། ཡུལ་དེའི་གཙོ་རྒྱུན་རིག་གནས་ཀྱི་ཁས་ལེན་ཐོབ་རྗེས་འགྲེམས་སྟོན་ནང་གདན་ཞུ་བྱས་པར་འགྲེམས་སྟོན་ཐེངས་མང་བྱས་པས། བརྩམས་ཆོས་དེ་ཉིད་ཡུལ་དེར་ཁྱབ་གདལ་གཏོང་ཐུབ་ནས་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་ཡོད། དེ་ནི“ཕྱིར་སྐྱོད་པ”དང“ནང་དུ་འདྲེན་པ”ནས“ཕྱིར་འདྲེན་པ”དང“བསྐྱར་དུ་ཕྱིར་འདྲེན་པའི”བར་དང་མཐར“ཉར་འཇོག་བྱེད་པའི”བརྒྱུད་རིམ་ཞིག་ཡིན་པའི་ངོས་འཛིན་གནང་གི་ཡོད། མིག་སྔར་ཞུས་ཧུང་ཧྥེ་ཡི་བརྩམས་ཆོས་དབྱི་ཐ་ལི་དང་། འཇར་མན། སི་ཕེན། ཐུར་ཁེ། ཧྥ་རན་སེ། དབྱིན་ཇི་སོགས་རྒྱལ་ཁབ་དང་ས་ཁུལ་བཅུ་གྲངས་ཀྱིས་ཉར་ཚགས་བྱས་ཡོད་པ་རེད།
     འདས་ཟིན་པའི་ལོ་6ལྷག་ཙམ་རིང་། ཞུས་ཧུང་ཧྥེ་ཡིས་མི་སྒེར་གྱི་གྲོས་གཞི་7བཏོན་པ་དང་། མཉམ་སྡེབ་ཀྱི་གྲོས་གཞི་18ནང་ཞུགས་པ། 《ཀྲུང་གོའི་སྒྱུ་རྩལ“ཕྱིར་སྐྱོད་པར”སྐུལ་འདེད་དང་ཀྲུང་གོའི་རིག་གནས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ》སོགས་ཀྱི་གྲོས་གཞིས་ཕྱི་ཕྱོགས་ཀྱི་རིག་གནས་སྤེལ་རེས་ལ་དམིགས་པ་དང《སྒྱུ་རྩལ་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲུབ་ཆ་མི་འདྲ་བ་གཉིས་ཀྱི་གསར་གཏོད་ཀྱི་ཐབས་ལམ་གསེད་བཀྲོལ》དང《སྒྱུ་རྩལ་གཤམ་སྤེལ་གྱིས་རིག་གནས་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་བ་དང་ཐོན་སྐྱེད་སྒྱུ་རྩལ་མཉམ་འདྲེས་ཀྱིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ》སོགས་ཀྱི་གྲོས་གཞིས་སྒྱུ་རྩལ་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་ལས་དོན་ལ་ཐབས་འདོན་ཇུས་འབུལ་བྱས་ཡོད། 
     (མཚམས་གཅོད་དང་བསྟན་བཟང་གིས་སྒྱུར་ཞུས་བྱས)