འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་7ཉིན།

༄༅།།འཐུས་མི་ཏུང་ལིས་གསུངས་དོན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་07ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སི་ཁྲོན་ཞིང་ཆེན་ཀོང་ཡོན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་ཏུང་ལིས་གསུངས་དོན། 《མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》ནང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱས་ནས་དཔེ་སྟོན་མིག་དཔེ་བཏོད་དེ་མཛེས་སྡུག་ལྡན་པའི་ཀྲུང་གོའི་སྔོན་སྤེལ་ཁུལ་འཛུགས་སྐྲུན་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད་ལ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ཏུའང་མཛེས་སྡུག་ལྡན་པའི་ཀྲུང་གོའི་སྔོན་སྤེལ་ཁུལ་འཛུགས་སྐྲུན་ཐད་བཀོད་སྒྲིག་བྱས་ཡོད། “ཅ་ལིན་ཅང་གཙང་པོའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་བཅད་དང་ཆུ་རྩ་གསོ་འཁྱོངས་ཁུལ་གལ་ཆེན་ཞིག་ཡིན་པའི་ཀོང་ཡོན་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འཐབ་ཇུས་ཆགས་སྟངས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད”
    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སི་ཁྲོན་ཞིང་ཆེན་ཀོང་ཡོན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་ཏུང་ལིས། ཉེ་བའི་ལོ་ཤས་རིང་། ཀོང་ཡོན་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ།
    མཛེས་སྡུག་ལྡན་པའི་ཀོང་ཡོན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བས་གྲོང་ཁྱེར་གྱི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་96%ཡན་རྒྱུན་འཁྱོངས་ཐུབ་པ་དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་དཔྱད་ཞིབ་བཅད་ངོས་ཀྱི་ཆུ་སྤུས་བཟང་ཚད་100%རྒྱུན་འཁྱོངས་ཐུབ་པ། ནགས་ཚལ་ཁེབས་ཚད་57.9%ཟིན་པ། རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་38བསྐྲུན་ཡོད་ཅེས་གསུངས་པ་རེད།
    “མཛེས་སྡུག་ལྡན་པའི་ཀྲུང་གོའི་སྔོན་སྤེལ་ཁུལ་བསྐྲུན་རྒྱུ་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས། ཀོང་ཡོན་གྱི་ཐུན་མོང་མ་ཡིན་པའི་ལེགས་ཆར་གཞི་ཚུགས་ནས་ཡུལ་བབ་དང་བསྟུན་པ་དང་། ཚན་རིག་དང་མཐུན་པའི་འཆར་འགོད། གོམ་པ་རིམ་བགྲོད། སྙིང་རུས་གཏན་འཁྱོངས་བཅས་བྱེད་དགོས” ཏུང་ལིས། ཀོང་ཡོན་གྱིས་དུས་རབས་གསར་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་བར་མཐོངས་རྣམ་པ་དང་། ཐོན་ལས་གྲུབ་ཆ། ཐོན་སྐྱེད་བྱེད་སྟངས། འཚོ་བ་སྐྱེལ་སྟངས་བཅས་མགྱོགས་མྱུར་ཆགས་པར་བྱེད་པ་བཅས་ཀྱི་ཐོག་ནས་སི་ཁྲོན་གྱིས་མཛེས་སྡུག་ལྡན་པའི་ཀྲུང་གོའི་སྔོན་སྤེལ་ཁུལ་འཛུགས་སྐྲུན་བྱེད་པར་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།