འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་1ཉིན།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧང་ཁན། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་
བཏང་སྟེ་ནུས་ཤུགས་ཡོད་རྒུས་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་དགོས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་29ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧང་ཁན། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་
བཏང་སྟེ་ནུས་ཤུགས་ཡོད་རྒུས་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་དགོས།
    རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་སྔ་ནུབ་ཏུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཡུན་ཀང་ཞིབ་འཇུག་ཁང་གི་ཡོན་ཀྲང་ཧང་ཁན་གྱིས།     ཡུན་ཀང་བྲག་ཕུག་ཏུ་བརྟག་ཞིབ་དང་འཚམས་འདྲིར་ཕེབས་ནས། གྲོས་འགོར་མཐའ་མའི་བཟོ་བཅོས་གནང་བ་རེད། 
     ཡུན་ཀང་བྲག་ཕུག་དེ་ཧྲན་ཞི་ཏ་ཐུང་དུ་གནས་པ་དང་། ད་བར་ལོ་1500ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། དེ་ནི་ཀྲུང་ཕྱིའི་རིག་གནས་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རིག་གནས་དང་ཀྲུང་ཡོན་རིག་གནས། ནང་བསྟན་སྒྱུ་རྩལ་དང་རྡོ་བརྐོས་སྒྱུ་རྩལ་མཉམ་འདྲེས་ཀྱི་རིག་གནས་སྒྱུ་རྩལ་བང་མཛོད་ཅིག་རེད། 
   ཧང་ཁན་གྱིས་བལྟས་ན། རིག་གནས་ཤུལ་བཞག་ནི་བསྐྱར་སྐྱེས་མི་ཐུབ་པའི་རྩ་ཆེའི་ཐོན་ཁུངས་ཤིག་ཡིན་པས། སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་རེད། ཁོང་གིས་ཡུན་ཀང་བྲག་ཕུག་ད་ལྟ་གཙོ་བོ་ནི་སྔོན་འགོག་རང་བཞིན་གྱི་སྲུང་སྐྱོང་ཡིན་པས་ཚན་རྩལ་གྱི་གཏོང་ཆ་དེ་བས་མང་བ་གཏོང་དགོས་ཀྱི་ཡོད་ཅེས་བཤད་པ་རེད། 
   2023ལོར། ཧང་ཁན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མིར་བདམས་པ་རེད། འགན་འཁྲི་བསྒྲུབས་ནས་ལོ་གཅིག་རིང་ཧང་ཁན་གྱིས་ཡུན་ཀང་རིག་པའི་རིག་ཚན་འཛུགས་སྐྱོང་དང་ཤེས་ལྡན་པ་གསོ་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ཡུན་ཀང་རིག་པའི་ཞིབ་འཇུག་བྱས་པ་བརྒྱུད། ཡུན་ཀང་བྲག་ཕུག་གི་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་ནང་དོན་སྔོག་འདོན་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
   རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་ཉེར་ཡོད་ཅིང་། ཧང་ཁན་གྱིས་མིག་རྒྱང་དེ་རིག་གནས་ཤུལ་བཞག་གི་སློབ་ཚན་འཛུགས་སྐྱོང་དང་ཤེས་ལྡན་པ་གསོ་སྐྱོང་ཐད་བཞག་ཡོད། ཁོང་གིས་རིག་གནས་ཤུལ་བཞག་ཅིག་སྲུང་སྐྱོང་དང་བེད་སྤྱོད་ཡག་པོ་བྱེད་པར་གནའ་རྫས་རྟོག་ཞིབ་རིག་པ་དགོས་པ་མ་ཟད། ད་དུང་དེ་བས་རྒྱ་ཆེ་བའི་རྟེན་རྫས་བཤམས་མཛོད་ཁང་དང་། གནའ་བོའི་སྐྲུན་དངོས། སྒྱུ་རྩལ་སོགས་རིག་ཚན་མང་པོ་དང་རིག་ཚན་ལས་བརྒལ་བའི་ཤེས་བྱ་དང་ཞིབ་འཇུག་ཀྱང་དགོས་པ་དང་། རིག་གནས་ཤུལ་བཞག་སློབ་ཚན་འཛུགས་སྐྱོང་ཐད་མཐོ་སློབ་མི་ཉུང་བ་ཞིག་གི་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་དགོས་པའི་ངོས་འཛིན་བྱས་པ་རེད། ཁོང་གིས་ངེས་པར་དུ་བྱེད་ཐབས་སྤྱད་ནས་ཀྲུང་གོའི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་གཞན་སྒྱུར་བེད་སྤྱོད་ལ་ཤེས་ལྡན་པ་དང་རིག་གཞུང་གི་འདེགས་སྐྱོར་དེ་བས་མང་བ་མཁོ་འདོན་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
【1】  【2】  【3】  【4】
༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧང་ཁན། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་
བཏང་སྟེ་ནུས་ཤུགས་ཡོད་རྒུས་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་དགོས།