འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་28ཉིན།

༄༅།།ཁ་བ་བུ་ཡུག་འཚུབ་པའི་གདང་ལ་ནས། ལས་གནས་སྲུང་བའི་ཟོལ་མེད་ལྷག་
བསམ་མངོན།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་28ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་འགྲིམ་འགྲུལ་རུ་ཆེན་སྒྲིག་ལམ་སྲུང་སྐྱོང་རུ་འབྲིང་གི་རུ་དཔོན་ཟླ་བ་ཡོན་ཏན་གྱིས་གངས་འཁྱག་གི་ལམ་བུར་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་ལ་ལྟ་བཞིན་པ།
བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་འགྲིམ་འགྲུལ་རུ་ཆེན་སྒྲིག་ལམ་སྲུང་སྐྱོང་རུ་འབྲིང་གི་རུ་དཔོན་ཟླ་བ་ཡོན་ཏན་གྱིས་གངས་འཁྱག་གི་ལམ་བུར་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་ལ་ལྟ་བཞིན་པ།
    སྟོབས་ཤུགས་རླབས་པོ་ཆེ་ཚང་མ་ནི་སྤྱིར་བཏང་གི་ལེགས་སྐྱེས་བགྲང་གིས་མི་ལངས་པ་ལས་གྲུབ་ཡོད། དེ་ནི་གདང་ལའི་འགྲིམ་འགྲུལ་ཉེན་རྟོག་པ་དང་། གཞུང་ལམ་བདག་སྐྱོང་བ། སྐོར་གཡེང་བ་དཀྱུས་མ་རྣམས་ཀྱིས་རང་རང་གི་ལས་གནས་སུ་ལེགས་སྐྱེས་ཕུལ་ཏེ་མཚོ་བོད་ས་མཐོའི་གཞུང་ལམ་བརྒྱུད་ནས་གདང་ལ་སྒྲོལ་མཁན་གྱི་ཡུལ་སྐོར་བའི་བདེ་འཇགས་སྲུང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བ་དང་མཚུངས།
     ཁོང་ཚོ་རྣམ་ཀུན་ཆ་སྙོམས་ས་བབ་སྨི་5000ལྷག་ཙམ་གྱི་སར་འཚོ་བ་བསྐྱལ་ནས་མཚོ་ངོས་མཁའ་དབུགས་ཁྲོད་ཀྱི་གསོ་རླུང་འདུས་ཚད་40%ཡང་མི་ཟིན་པའི་ཁོར་ཡུག་གི་དཀའ་ངལ་ཁྱད་དུ་གསོད་བཞིན་ཡོད། ཁོང་ཚོས་དུས་ཡུན་རིང་པོར་གདང་ལར་ལས་གནས་བརྟན་པོ་བསྲུངས་ནས་གདང་ལའི་འགྲན་ཡ་བྱེད་ལ་གདང་ལས་ཀྱང་ཁོང་ཚོའི་སྟོབས་ཤུགས་ལ་བདེན་དཔང་བྱེད་བཞིན་མཆིས།
    དཔྱིད་གསར་དུས་ཆེན་རིང་། གསར་འགོད་པ་རླངས་འཁོར་ལ་བསྡད་དེ་མཚོ་བོད་ལམ་དུ་བཞུད་ནས་གདང་ལར་སླེབས་པའི་ཚེ། ཁྱིམ་ཚང་ཁྲི་སྟོང་དུ་མ་མཉམ་འཛོམས་ཀྱི་དགའ་སྟོན་ལ་རོལ་སྐབས་གངས་ལྗོངས་ས་མཐོའི་འཐབ་འཛིང་པ་དང་། ལམ་སྲུང་བ། ལས་རེས་མཁན་ཚོ་སྔར་བཞིན་ལས་གནས་བརྟན་སྲུང་གིས་ཁེ་གྲགས་ཅི་ཡང་མེད་པར་ལེགས་སྐྱེས་འབུལ་བཞིན་ཡོད་པ་མཐོང་བྱུང་།
    རང་བྱུང་གི་འགག་འཕྲང་ནས་འབད་འབུངས་མདུན་སྐྱོད་མཁན་གྱི་ལྷག་བསམ་མངོན་པ།
    མཚོ་བོད་གཞུང་ལམ་གྱིས་བོད་དུ་དབོར་བའི་དངོས་ཟོག་གི་70%དང་བོད་དུ་ཡོང་བའི་མི་འབོར་གྱི་30%སྐྱེལ་འདྲེན་གྱི་འགན་འཁུར་བ་དང་། ལོར་ཆ་སྙོམས་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་རླངས་འཁོར་ཁྲི་130ལྷག་ཙམ་ཟིན་གྱི་ཡོད།
    དེ་ནི་ཡུལ་སྐོར་བས་མཛེས་སྡུག་ལྡན་པའི“གངས་ལྗོངས་མཁའ་ལམ”ཞིག་ཏུ་ངོས་བཟུང་ནའང་། དེར་ལས་གནས་བརྟན་སྲུང་བྱེད་མཁན་འགྲིམ་འགྲུལ་ཉེན་རྟོག་པ་དང་ལམ་སྲུང་བའི་ངོས་ནས་བརྗོད་ཚེ། དེ་ནི་དོན་དམ་པའི“འབད་འཐབ་ཀྱི་ལམ་བུ”ཞིག་རེད།
    བཟོ་པ་པ་བུ་ཡོད་སའི་ཏའོ་པན་ཨང་109ལ“གནམ་འོག་གི་ཏའོ་པན་དང་པོ”ཞེས་འབོད་ཅིང་། དེས་གདང་ལའི་གཞུང་ལམ་བདག་སྐྱོང་དང་ཤར་གཏོང་གི་ལས་འགན་འཁུར་གྱི་ཡོད།
    “ས་བབ་མཐོ་ཚད་སྨི་ལྔ་སྟོང་ཡན་ཟིན་པས་གོམ་པ་སྤོ་ཐེངས་རེར་དབུགས་མང་པོ་ཧད”དེས་ན་ངལ་རྩོལ་ཤུགས་ཆེན་པོ་བྱེད་ཐབས་ཅི་ལ་ཡོད། ཐེངས་གཅིག་གདང་ལའི་རྩེར་གངས་ཆེན་པོ་བབས་ཏེ་རླངས་འཁོར་མང་པོ་ཡར་མར་འགྲོ་སྐྱོད་མ་ཐུབ་པར་གངས་ཀྱི་དཀྱིལ་དུ་ལུས་ནས་ཉེན་ཁ་ཆེན་པོ་འཕྲད་སྐབས། ཏའོ་པན་བཟོ་པས་ཉིན་མཚན་བསྟུད་མར་ཛ་དྲག་ངང་ལས་ཀ་བྱས་རྗེས་གཞི་ནས་གཞུང་ལམ་ཤར་གཏོང་ཐུབ་པ་རེད།
   “ལམ་འགགས་ནས་རླངས་འཁོར་འགྲོ་མི་ཐུབ་པར་འཁོར་བདག་གིས་རྙོག་དྲ་ཤོད་སྐབས་ང་ཚོ་ཏའོ་པན་གྱི་བཟོ་པའི་སེམས་པའང་སྐྱིད་པོ་མི་འདུག”ཅེས་པ་བུས་བཤད་པ་དང་། ཁོང་གིས“ལམ་བཤངས་ནས་རླངས་འཁོར་འགྲོ་ཐུབ་ཚེ་གཞི་ནས་ང་ཚོའི་ལས་འགན་ཡང་ལེགས་གྲུབ་བྱུང་བ་རེད”ཅེས་བཤད།
     ལོ་བཅུ་ཕྲག་ཁ་ཤས་རིང་། འགྲིམ་འགྲུལ་ཉེན་རྟོག་དང་ཏའོ་པན་གྱི་བཟོ་པས་ལྷག་བསམ་རྣམ་དག་གིས་ལེགས་སྐྱེས་ཕུལ་ཏེ། “རི་མཐོན་པོ”མགོ་བོ་སྒུར་དུ་བཅུག་ནས“རང་བྱུང་གི་འགག་འཕྲང”བདེ་ལམ་དུ་བཤངས་ཏེ“ས་མཐོའི་སྲོག་རྩ་ཆེན་པོ”བདེ་བགྲོད་ཐུབ་པའི་འགན་ལེན་བྱས་པ་རེད།
     འཁྱགས་རོམ་གྱིས་ལམ་སྲུང་བའི་སྙིང་རུས་ཀྱི་དཔང་པོ་བྱས་པ།
    གདང་ལའི་རི་རྩེ་མཐོ་ཤོས་ཏེ་སྐུ་ལྷ་དར་གདོང་འདབས་སུ་སྤྱང་རྒན་སྡེ་རུ་འཁྱགས་རོམ་འགྱིང་ངེར་གནས་ཡོད།
    འཁྱགས་པས་བསྡམས་པའི་ཐོག་ཐོན་གཙང་པོའི་འགྲམ་དུ་ལྷགས་པ་རིམ་པ་10རྒྱག་པ་དང་གངས་འབབ་པར་མི་འཛེམས་པར་སྤྱི་ལེ་180བསྐྱོད་པས། གསར་འགོད་པ་སྤྱང་རྒན་སྡེ་རུ་འཁྱགས་རོམ་གཤམ་དུ་གནས་པའི་ཨ་མདོ་རྫོང་དམར་ཆུ་ཤང་རུབ་ལྷས་གྲོང་ཚོར་འབྱོར་ནས་འབྲོག་པ་རྣམ་བཀྲ་ཐུག་བྱུང་།
    རྣམ་བཀྲའི་ཁྱིམ་ནི་སྤྱང་རྒན་སྡེ་རུ་འཁྱགས་རོམ་ལ་མ་སླེབས་ཙམ་གྱི་སྤྱི་ལེ་3གྱི་སར་ཡོད་པས། “འབྲི་ཆུའི་ཆུ་འགོའི་དུད་ཚང་དང་པོ”ཞེས་འབོད།
    ཉི་མའི་འཆར་ནུབ་དང་བསྟུན་ནས་ཕྱུགས་འཚོ་བ་དང་ངལ་རྩོལ་བྱེད་བཞིན་པའི་རྣམ་བཀྲའི་ནང་མིས་གནས་དེ་གར་འཚོ་བ་སྐྱེལ་མཁན་གཞན་དང་འདྲ་བར་འཚོ་བ་བག་ཕེབས་ངང་སྐྱེལ་བཞིན་མཆིས།
    ད་ཆ་མི་རབས་ནས་མི་རབས་བར་འཁྱགས་རོམ་གྱིས་བསྡམས་པའི་རྩྭ་ཐང་དུ་ཕྱུགས་འཚོ་མཁན་གྱི་འབྲོག་པ་ཚོར་ལས་འགན་གསར་པ་ཞིག་བྱུང་བ་ནི། འབྲི་ཆུའི་ཆུ་འགོ་སྲུང་རྒྱུ་དེ་རེད།
    2021ལོར། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་བཙུགས་རྗེས། རུབ་ལྷས་གྲོང་ཚོའི་དུད་ཚང་མི་རེ་ངོ་རེར་སྐོར་གཡེང་རུ་མི་རེ་ཡོད་པ་མ་ཟད། ལོ་ལྟར་དེ་མཚུངས་ཀྱི་ཁ་གསབ་ཀྱང་ལེན་རྒྱུ་ཡོད། ཡུལ་མི་རྡོར་ཆོས་ཀྱིས“སྔོན་མ་ང་ཚོའི་ཕ་མེས་ཚོས་འབྲི་ཆུའི་ཆུ་འགོ་ཡོད་སར་ཕྱུགས་འཚོས་ནས་འཚོ་བ་བསྐྱལ་བ་དང་། ད་ཆ་ང་ཚོས་འབྲི་ཆུའི་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་བྱས་པར་ཡོང་འབབ་མང་པོ་བྱུང་ལ་སྤོབས་པ་ཆེན་པོའང་སྐྱེ་གི་འདུག”ཅེས་བཤད།
    བྱས་རྗེས་རྡོ་རིང་ལས་ལེགས་སྐྱེས་འབུལ་མཁན་གྱི་སྙིང་སྟོབས་གཅིག་འདུས་སུ་མཚོན་པ།
    གདང་ལར་སྐྱོད་རིམ་བཞིན་དེའི་སྟེང་གི་དྲན་གསོའི་རྡོ་རིང་མང་པོས་ཡིད་ཀྱི་བརྟན་པ་འཕྲོག་ངེས།
    རྡོ་རིང་དེ་དག་ཁྲོད“ལམ་གཉིས”ཀྱི་དྲན་གསོའི་རྡོ་རིང་ཡོད་ལ། “གནམ་འོག་གི་ཏའོ་པན་དང་པོའི”རྡོ་རིང་ཡང་ཡོད།
    ལེ་དབར་སྟོང་ཟིན་པའི་མཚོ་བོད་གཞུང་ལམ་ནི་བཟོ་པ་ཚོས་རང་ལུས་ཀྱི་ཁྲག་དང་རྡུལ་ཆུར་བརྟེན་ནས་བསྐྲུན་པའི་ནམ་ཡང་མི་ནུབ་པའི་མཛད་རྗེས་རྡོ་རིང་ཞིག་རེད།
    འདི་ལོའི་དཔྱིད་གསར་དུས་ཆེན་རིང་། ཟླ་བ་ཡོན་ཏན་གྱིས་གདང་ལའི་ལས་སྒྲུབ་ས་ཚིགས་སུ་ལས་གནས་བརྟན་སྲུང་བྱས་ཤིང་། དེ་ནི་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་འགྲིམ་འགྲུལ་ཉེན་རྟོག་ལས་སྒྲུབ་ས་ཚིགས་ཤིག་རེད།
   “མཁའ་ལམ”སྲུང་མཁན་ཞེས་པ་ནི་ཁོང་ཚོར་བཏགས་པའི་མིང་ཞིག་རེད། 2017ལོ་ནས་བཟུང་། རིམ་རྩིས་བྱས་ན་ཨ་མདོའི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ལམ་བར་དུ་ལུས་པའི་རླངས་འཁོར་ཁྲི་14ཁ་བཀྲམ་པ་དང་། མང་ཚོགས་མི་ཐེངས་2000ལྷག་ཙམ་ལ་རོགས་སྐྱོར་བྱས་པར་མང་ཚོགས་ཀྱི་གོས་དར་དང་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་800ལྷག་ཙམ་འབྱོར་ཡོད།
    མང་ཚོགས་ཀྱི་བསྔགས་བརྗོད་དེ་ལྟར་ཐོབ་པ་ནི། “གདང་ལའི་འགྲིམ་འགྲུལ་ཉེན་རྟོག་པ”མི་རབས་ནས་མི་རབས་དུ་མས་རྒྱུན་བསྐྱངས་ནས་བཙུགས་པའི་བྱས་རྗེས་རྡོ་རིང་གཞན་ཞིག་ཀྱང་རེད།
    གདང་ལ་ནས་ཁ་བྲལ་ཏེ་རི་གཤམ་གྱི་དམར་ཆུ་ཤང་དུ་སྐྱོད་སྐབས། གསར་འགོད་པར་ལོ་བདུན་ཅུར་སླེབས་ལ་ཉེ་བའི་རྒད་པོ་ཚེ་དགའ་ཐུག་བྱུང་། ཁོང་གིས་རང་ཉིད་ཀྱི་བྲང་ཁར་བཏགས་པའི་གཟེངས་རྟགས་རེ་རེར་གཟབ་གཟབ་ངང་བྱི་དོར་བྱེད་བཞིན་འདུག
    བགྲང་བྱ་40ལྷག་ཙམ་རིང་། ཚེ་དགས་སྲུང་སྐྱོང་ཁུལ་དུ་སྔ་ཕྱི་བར་གསུམ་དུ་སྐོར་གཡེང་དང་། རོགས་སྐྱོབ། ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ལས་ལ་གཞོལ་ཡོད།
   འབྲི་ཆུའི་ཆུ་འགོ་སྲུང་སྐྱོང་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བའི་རྐྱེན་གྱིས་ཚེ་དགར་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ཅིང་། གལ་སྲིད་བྱེད་སྒོར་ཞུགས་དགོས་ཚེ་རྒད་པོས་ཡིན་གཅིག་གཟེངས་རྟགས་དེ་དག་འདོགས་ཀྱི་ཡོད།
    འོད་ལམ་ལམ་དུ་འཚེར་བའི་གཟེངས་རྟགས་དེ་དག་ནི་རྒད་པོས་མི་ལོ་བཅུ་ཕྲག་ཁ་ཤས་རིང་སོ་སྲུང་རོགས་རེས་བྱས་པ་ལས་ཐོབ་པའི་བྱས་རྗེས་རྡོ་རིང་ལྟ་བུ་ཞིག་རེད།
   ཟླ་བ་ཡོན་ཏན་དང་། ཚེ་དགའ་སོགས“མཁའ་ལམ”འཛུགས་སྐྲུན་པ་དང་རི་ཆུ་སྲུང་མཁན་དེ་དག་ནི་འཆི་རྒྱུར་མི་སྐྲག་པ་དང་། དཀའ་སྡུག་ལ་མི་ཞེད་པ། ལེགས་སྐྱེས་འབུལ་ཕོད་པ། ཕམ་ཁ་མི་འཁུར་བའི་ངར་ཤུགས་ཡོད་མཁན་ཤ་སྟག་རེད།
   ངར་ཤུགས་དེ་དག་གདང་ལའི་མི་སྤྱི་ལ་ལྡན་པའི་གཤིས་རྒྱུད་ཅིག་ཏུ་གྱུར་སྐབས་སྙིང་སྟོབས་ཆེན་པོ་འཕེལ་ནས། བུ་ཡུག་ཁྲོད་ཀྱི་གདང་ལའི་བྱས་རྗེས་རྡོ་རིང་དང་འདྲ་བར་མུ་མཐའ་མེད་པའི་ས་གཞི་ཆེན་པོའི་སྟེང་གི་ས་གཤིས་མཚོན་རྟགས་མངོན་གསལ་དོད་པོ་ཞིག་ཏུ་གྱུར་ནས་ནམ་ཡང་འཛམ་གླིང་གི་ཡང་རྩེར་འགྱིང་ངེར་གནས་ངེས་རེད།
ཨ་མདོ་རྫོང་དམར་ཆུ་ཤང་འབྲི་ཆུའི་ཆུ་འགོའི་ཏང་ཡོན་ཁོར་ཡུག་སྲུང་སྐྱོང་དང་བླངས་རུ་ཁག་གི་ལོ་བདུན་ཅུར་སླེབས་ལ་ཉེ་བའི་རྒད་པོ་ཚེ་དགའ(གཡས་ཀྱི་གཉིས་པ)ཡིས་འབྲི་ཆུའི་ཆུ་འགོར་སྐོར་གཡེང་བྱེད་བཞིན་པ།
ཨ་མདོ་རྫོང་དམར་ཆུ་ཤང་འབྲི་ཆུའི་ཆུ་འགོའི་ཏང་ཡོན་ཁོར་ཡུག་སྲུང་སྐྱོང་དང་བླངས་རུ་ཁག་གི་ལོ་བདུན་ཅུར་སླེབས་ལ་ཉེ་བའི་རྒད་པོ་ཚེ་དགའ(གཡས་ཀྱི་གཉིས་པ)ཡིས་འབྲི་ཆུའི་ཆུ་འགོར་སྐོར་གཡེང་བྱེད་བཞིན་པ།