འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་26ཉིན།

༄༅།།ལྷ་ས་ཁྲེང་ཀོན་ཆུས་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་བཅོ་ལྔའི་དུས་ཆེན་བསུས་པ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་26ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ལྷ་ས་ཁྲེང་ཀོན་ཆུས་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་བཅོ་ལྔའི་དུས་ཆེན་བསུས་པ།
     བོད་ཟླ་དང་པོའི་བཅོ་ལྔའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་འདིར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་“བཅོ་ལྔའི་དུས་ཆེན་ལ་ལྷན་འཛོམས་བྱས། སེམས་པ་གཅིག་སྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་གཏོད་”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་“ང་ཚོའི་དུས་ཆེན་སྟེ་བཅོ་ལྔའི་དུས་ཆེན་”གྱི་རྟེན་འབྲེལ་བྱེད་སྒོ་དེ་ལྷ་ས་གྲོང་ཁྱེར་བདེ་ཟེར་སྒོ་རར་སྤེལ་བ་རེད།  
     ད་ཐེངས་ཀྱི་བྱེད་སྒོའི་ནང་བཅོ་ལྔའི་དུས་ཆེན་གྱི་རིག་གནས་ནང་དོན་ལ་དམིགས་ནས། སྡེ་ཁུལ་ནང་གི་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས་སོགས་མི་རིགས་ཁག་གི་མང་ཚོགས་དང་། ལས་བྱེད་ལས་བཟོ། དཔུང་སྡེའི་དཔོན་དམག་སོགས་འཐུས་མི་སྒྲིག་འཛུགས་བྱས་ཏེ་ཕན་ཚུན་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་ལོ་གསར་གྱི་རྟེན་འབྲེལ་ཡང་ཞུས་པ་རེད། ཟླ་དང་པོའི་ཚེས་བཅོ་ལྔའི་དུས་ཆེན་དང་། གློག་སྒྲོན་གྱི་གབ་ཚིག་ལྟ་བ། རིག་རྩལ་མཉམ་འཁྲབ་དང་རོལ་རྩེད་མཉམ་འགུལ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། ཚང་མས་ཟླ་དང་པོའི་ཚེས་བཅོ་ལྔའི་དུས་ཆེན་གྱི་སྲོལ་རྒྱུན་གོམས་སྲོལ་ཤེས་རྟོགས་ཐུབ་པར་བྱས་ནས། མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོ་དང་བདེ་སྐྱིད་ཀྱི་དུས་ཆེན་རྣམ་པ་ཟབ་མོ་ཞིག་བཏོད་པ་རེད། 
【1】  【2】  【3】
༄༅།།ལྷ་ས་ཁྲེང་ཀོན་ཆུས་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་བཅོ་ལྔའི་དུས་ཆེན་བསུས་པ།