འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་21ཉིན།

༄༅།།དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་ནས་སླར་ཡང་བོད་ལ་གསེར་གྱི་རྟགས་མ་གཅིག་ཐོབ་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་21ཉིན། 15:36】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
ཟླ་2ཚེས་19ཉིན་ནང་སོག་གི་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་ལེང་ཁྲེང་གངས་ཤུད་ཐང་དུ་གཉེར་བའི་རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ཡ་པང་གངས་ཤུད་ཀྱི་གཞོན་ནུའི་ཚོགས་ཆུང་གི་བུད་མེད་ཀྱི་བཀག་བརྒལ་རྗེས་འདེད་ཀྱི་མཐའ་བསྡུར་ལ་ཞུགས་པའི་རང་ལྗོངས་ཀྱི་ལུས་རྩལ་པ་དབྱངས་ཅན་ལྷ་མོར་ཨང་དང་པོ་ཐོབ་ཅིང་། འདི་ནི་དབྱངས་ཅན་ལྷ་མོ(དཀྱིལ)བྱ་དགའ་ལེན་བཞིན་པ།
ཟླ་2ཚེས་19ཉིན་ནང་སོག་གི་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་ལེང་ཁྲེང་གངས་ཤུད་ཐང་དུ་གཉེར་བའི་རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ཡ་པང་གངས་ཤུད་ཀྱི་གཞོན་ནུའི་ཚོགས་ཆུང་གི་བུད་མེད་ཀྱི་བཀག་བརྒལ་རྗེས་འདེད་ཀྱི་མཐའ་བསྡུར་ལ་ཞུགས་པའི་རང་ལྗོངས་ཀྱི་ལུས་རྩལ་པ་དབྱངས་ཅན་ལྷ་མོར་ཨང་དང་པོ་ཐོབ་ཅིང་། འདི་ནི་དབྱངས་ཅན་ལྷ་མོ(དཀྱིལ)བྱ་དགའ་ལེན་བཞིན་པ། 
     འདི་ག་ཚགས་པར་ཁང་དུ་ལེང་ཁྲེང་ནས་ཟླ་2ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་ནང་སོག་རང་སྐྱོང་ལྗོངས་ཝུའུ་ལན་ཁྲ་པུའུ་ལེང་ཁྲེང་གངས་ཤུད་ཐང་དུ་གཉེར་བའི་རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ཡ་པང་གངས་ཤུད་ཀྱི་གཞོན་ནུའི་ཚོགས་ཆུང་གི་བུད་མེད་ཀྱི་བཀག་བརྒལ་རྗེས་འདེད་ཀྱི་མཐའ་བསྡུར་ལ་ཞུགས་པའི་བོད་ཀྱི་ལུས་རྩལ་པ་དབྱངས་ཅན་ལྷ་མོར་ཨང་དང་པོ་ཐོབ་ཅིང་། དེ་ནི་ད་རེས་ཀྱི་རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་ལ་བོད་ཀྱི་འཐུས་མི་ཚོགས་པར་ཐོབ་པའི་གསེར་གྱི་རྟགས་མ་བཞི་པ་རེད།
     ཚེས་19ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ཡ་པང་གངས་ཤུད་ཀྱི་བཀག་བརྒལ་རྗེས་འདེད་ཀྱི་སྐྱེས་པ་དང་བུད་མེད་ཀྱི་ཡོངས་བསྒྲགས་ཚོགས་ཆུང་དང་གཞོན་ནུའི་ཚོགས་ཆུང་གི་མཐའ་བསྡུར་དེ་ནང་སོག་རང་སྐྱོང་ལྗོངས་ཝུའུ་ལན་ཁྲ་པུའུ་ལེང་ཁྲེང་འགྲན་ཁུལ་དུ་བྱས་པ་རེད།
     ཉིན་དེར་བོད་ཀྱི་ལུས་རྩལ་པ་3འགྲན་བསྡུར་ལ་ཞུགས་ཤིང་། ལུས་རྩལ་པ་ཧྲི་ཕུའུ་ཝུན་ལ་ཡ་པང་གངས་ཤུད་ཀྱི་ཡོངས་བསྒྲགས་ཚོགས་ཆུང་གི་སྐྱེས་པའི་བཀག་བརྒལ་རྗེས་འདེད་འགྲན་བསྡུར་གྱི་ཨང་ལྔ་པ་ཐོབ་པ་དང་། ལུས་རྩལ་པ་ཉི་མ་དབྱངས་ཅན་མཐའ་བསྡུར་ལ་ཚུད་མེད་པར་མཐར་ཡ་པང་གངས་ཤུད་ཀྱི་ཡོངས་བསྒྲགས་ཚོགས་ཆུང་གི་བུད་མེད་ཀྱི་བཀག་བརྒལ་འགྲན་བསྡུར་གྱི་ཨང་བརྒྱད་པ་ཐོབ་ཡོད།
     མིག་སྔའི་བར་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པར་བོད་ལ་གསེར་གྱི་རྟགས་མ་བཞི་དང་དངུལ་གྱི་རྟགས་མ་གཅིག་ཐོབ་ཡོད། དེ་རྗེས་ད་དུང་རི་ཀླུང་གངས་ཤུད་དང་ཡ་པང་གངས་ཤུད་ཀྱི་བཀག་བརྒལ་རྗེས་འདེད་སོགས་ཀྱི་འགྲན་བསྡུར་ཁག་ལ་མུ་མཐུད་ཞུགས་རྒྱུ་རེད།
     (སྤེན་པ་ཚེ་རིང་གིས་བསྒྱུར། སྤེན་ཚེ་དང་བུ་ཁྲིད་ཀྱིས་ཞུས)