འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་21ཉིན།

༄༅།།འགག་སྒོ་ནས་བ་སོའི་རྒྱན་ཆ་5རྩད་ཆོད་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་21ཉིན། 15:21】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།འགག་སྒོ་ནས་བ་སོའི་རྒྱན་ཆ་5རྩད་ཆོད་འདུག
     ཟླ་2ཚེས་19ཉིན། ཆེད་ལས་སྒྲིག་གཞིས་གསལ་འབྱེད་བྱས་པ་བརྒྱུད། དེའི་གོང་ལ་ཞ་མོན་འགག་སྒོས་རྒྱལ་ཁོངས་སུ་འཛུལ་མཁན་ལ་ཞིབ་བཤེར་བྱེད་དུས་རྩད་ཆོད་པའི་ལག་གདུབ་དང་མགུལ་རྒྱན་སོགས་རྒྱན་ཆ་5པོ་ཚང་མ་བ་སོའི་ཐོན་རྫས་ཡིན་ཞིང་། ཁྱོན་ལྗིད་ཚད་ཁེ་178.7ཟིན་ཡོད། 
     དེའི་གོང་ལ་ཡུལ་སྐོར་བ་ཞིག་ཞ་མོན་ཀའོ་ཆི་རྒྱལ་སྤྱིའི་གནམ་ཐང་ནས་རྒྱལ་ཁོངས་སུ་འཛུལ་རྗེས། འགག་སྒོའི་ཡིག་ཐོག་སྙན་ཞུ་མེད་པའི་ཤར་གཏོང་བགྲོད་ལམ་བདམས་པ་རེད། ཡུལ་དངོས་ཀྱི་ལས་མིས་དངོས་པོར་Xའོད་ཆས་ཀྱིས་ཞིབ་བཤེར་བྱེད་སྐབས། འགྲུལ་པ་དེས་འཁྱེར་བའི་དངོས་པོའི་ནང་དུ་རྒྱུན་ལྡན་མིན་པའི་ལག་གདུབ་དང་མགུལ་རྒྱན་སོགས་རྒྱན་ཆ་ཡོད་པ་ཤེས་རྟོགས་བྱུང་། 
     ཅ་དངོས་བླུགས་སྒམ་ཁ་ཕྱེ་ནས་ཞིབ་བཤེར་བྱས་རྗེས། འགག་སྒོ་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣས་ཐུམ་སྒམ་ནང་ཇའི་སྒམ་ཆུང་ཞིག་རྙེད་ཅིང་། སྒམ་ནང་དུ་ཤོག་བུས་བཏུམ་པའི་དངོས་ཟོག་འགའ་བླུགས་ཡོད། ཁ་ཕྱེ་རྗེས་ལག་གདུབ་2དང་། མགུལ་རྒྱན་2 མཛུབ་དཀྲིས་1བཅས་ཡོད་པ་དང་། རྒྱན་ཆའི་ཕྱི་ངོས་དཀར་པོ་ཡིན་པ་དང་། རྒྱུ་ཆ་མཁྲེགས་པོ་དང་ཁ་དོག་བཟང་། གསལ་འབྱེད་བྱས་པ་བརྒྱུད་དེ་དག་ཚང་མ་བ་སོའི་ཐོན་རྫས་ཡིན་པ་རེད། 
     ཞ་མོན་འགག་སྒོ་ལས་ཁུངས་ཀྱིས་དྲན་སྐུལ་བྱས་དོན། གླང་ཆེན་གྱི་མཆེ་བ་དང་དེའི་དངོས་རྫས་《སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་རིགས་ཀྱི་རྒྱལ་སྤྱིའི་ཚོང་དོན་སྤྱི་ཆིངས་》(CITES)ཀྱི་ཟུར་བཀོད་Ⅰནང་བཅུག་པའི་སྟོངས་ལ་ཉེ་བའི་སྲོག་ཆགས་ཀྱི་རིགས་སུ་གཏོགས་ཤིང་། ཁྲིམས་དང་མཐུན་པར་《ཕྱིར་གཏོང་དང་ནང་འདྲེན་ཆོག་པའི་ལག་ཁྱེར་》ཡོད་པ་མ་ཟད། གཏན་འབེབས་ལྟར་འགག་སྒོའི་འགྲོ་ལུགས་འགྲིམས་རིགས་ཕུད། གླང་ཆེན་གྱི་རིགས་སོགས་སྟོངས་ལ་ཉེ་བའི་སྲོག་ཆགས་དང་རྩི་ཤིང་གི་ཐོན་རྫས་ཕྱིར་གཏོང་དང་ནང་འདྲེན་བྱས་མི་ཆོག་པ་དང་། གནས་ཚུལ་ཚབས་ཆེན་ཐོན་ཚེ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་རེད།
༄༅།།འགག་སྒོ་ནས་བ་སོའི་རྒྱན་ཆ་5རྩད་ཆོད་འདུག