འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་18ཉིན།

༄༅།།རིག་དངོས་494རྩད་ཆོད་འདུག

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་18ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།རིག་དངོས་494རྩད་ཆོད་འདུག
     ཉེ་ཆར། ཞི་ཨན་ཞན་དབྱང་གནམ་ཐང་འགག་སྒོ་ལས་ཁུངས་ཀྱིས་འགྲུལ་བཞུད་བརྟག་དཔྱད་བྱ་ཡུལ་ནས་སྤྱིར་བཏང་རིག་དངོས་494རྩད་ཆོད་པ་རེད། 
     ཡུལ་དངོས་ཀྱི་འབྲེལ་ཡོད་མི་སྣས་ཕྱིི་རྒྱལ་དུ་འཕུར་བའི་གནམ་གྲུར་ལྟ་སྐུལ་དོ་དམ་བྱེད་སྐབས། སྙན་སེང་མ་ཞུས་པའི་དངོས་པོ་སྒམ་ཞིག་རྒྱུན་ལྡན་མིན་པ་ཤེས་རྗེས། དོ་བདག་དང་འབྲེལ་བ་བྱས་ནས་འགྲུལ་པ་རྣམས་ལ་སྒམ་ཁ་ཕྱེ་ནས་ཞིབ་བཤེར་བྱས་པ་རེད། དེའི་ནང་འགག་སྒོར་སྙན་སེང་མ་ཞུས་པའི་རིག་དངོས་དཀར་ཡོལ་དང་ཟངས་ཤེལ། གནའ་བོའི་དངུལ་སྒོར་སོགས་ཁྱོན་672ཡོད་པ་ཞིབ་བཤེར་བྱས་ནས་ཤེས་རྟོགས་བྱུང་བ་རེད། ཧྲའན་ཞི་ཞིང་ཆེན་རིག་དངོས་གསལ་འབྱེད་ལྟེ་གནས་ཀྱིས་བཏོན་པའི་གསལ་འབྱེད་སྙན་ཞུ་ལས་ཕྱི་རྒྱལ་དུ་ཁྱེར་མི་ཆོག་པའི་སྤྱིར་བཏང་རིག་དངོས་494གཏན་འཁེལ་བྱས་པ་དེའི་ནང་ཧན་དང་ཐང་། སུང་། ཡོན། མིང་། ཆིང་བཅས་རྒྱལ་རབས་ཁག་གི་དཀར་ཡོལ་དང་། ཟངས་ཤེལ། ཟངས་ཐ། གནའ་བོའི་དངུལ་སྒོར་སོགས་དང་། གོ་མིན་ཏང་སྐབས་ཀྱི་མེ་ཏོག་སྔོན་པོའི་སྡེར་མ་དང་དངུལ་སྒོར། དེ་བཞིན་ལྗར་པན་མིང་ཀྲི་དུས་སྐབས་ཀྱི་དངུལ་སྒོར་སོགས་ཚུད་ཡོད། དུས་ཚོད་ཅུང་རིང་བ་དང་རིགས་རྒྱ་ཆེ་ཙམ་ཡོད་པ་རེད། 
     འགག་སྒོས་དྲན་སྐུལ་བྱས་དོན།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རིག་དངོས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས》སུ་གཏན་འབེབས་ལྟར། རིག་དངོས་རྒྱལ་ཁོངས་ཕྱི་རུ་གཏོང་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་དངོས་སྲིད་འཛིན་སྡེ་ཁག་གིས་དམིགས་འཛུགས་བྱས་པའི་རིག་དངོས་ཕྱིར་གཏོང་ནང་འདྲེན་བྱེད་པར་ཞིབ་བཤེར་གཏན་འབེབས་བྱེད་མཁན་ལས་ཁུངས་ཀྱིས་ཞིབ་བཤེར་གཏན་འབེབས་བྱ་དགོས། ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། རྒྱལ་ཁོངས་ཕྱི་རུ་བཏང་ཆོག་པའི་རིག་དངོས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་དངོས་སྲིད་འཛིན་སྡེ་ཁག་གིས་རིག་དངོས་རྒྱལ་ཁོངས་ཀྱི་ཕྱི་རུ་བཏང་ཆོག་པའི་ཆོག་མཆན་ལག་ཁྱེར་སྤྲོད་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་དངོས་སྲིད་འཛིན་སྡེ་ཁག་གིས་དམིགས་འཛུགས་བྱས་པའི་འགག་སྒོ་ནས་རྒྱལ་ཁོངས་ཕྱི་རུ་གཏོང་རྒྱུ། སྡེ་ཚན་གང་ཞིག་གམ་སྐྱེ་བོ་སུ་ཞིག་གིས་རིག་དངོས་སྐྱེལ་འདྲེན་དང་། སྦྲག་ཐོག་སྐུར་བ། ཁྱེར་བ་བཅས་ཀྱི་སྒོ་ནས་རྒྱལ་ཁོངས་ཀྱི་ཕྱི་རུ་འདྲེན་སྐབས་འགག་སྒོར་སྙན་སེང་ཞུ་དགོས། འགག་སྒོས་རིག་དངོས་རྒྱལ་ཁོངས་ཀྱི་ཕྱི་རུ་བཏང་ཆོག་པའི་ཆོག་མཆན་ལག་ཁྱེར་ལ་གཞིགས་ནས་ཕྱི་རུ་འཁྱེར་དུ་འཇུག་རྒྱུ། རིག་དངོས་ལྐོག་འདྲེན་བྱས་ནས་ཉེས་ཚད་ལོན་རིགས་ལ་བཅའ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ་དང་། ལྐོག་འདྲེན་གྱི་བྱས་ཉེས་སུ་གྲུབ་རུང་ཉེས་ཚད་ལོན་མེད་ན། འགག་སྒོས་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ཉེས་ཆད་གཅོད་རྒྱུ་རེད།
༄༅།།རིག་དངོས་494རྩད་ཆོད་འདུག
༄༅།།རིག་དངོས་494རྩད་ཆོད་འདུག