འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ངོ་མཚར་ཆེ་བའི་རྩྭ་མདའི་དྲུ་རི། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་02ཉིན། 08:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ངོ་མཚར་ཆེ་བའི་རྩྭ་མདའི་དྲུ་རི།
   རྩྭ་མདའ་རྫོང་ནི་བོད་རང་སྐྱོང་ལྗོངས་ཀྱི་ནུབ་རྒྱུད་དུ་གནས་པ་དང་། ས་མཐོའི་གྲང་ཁུལ་གྱི་སྐམ་ཤས་ཆེ་བའི་གནམ་གཤིས་ཁུལ་དུ་གཏོགས་པས། མཁའ་དབུགས་ཉུང་ལ་སྐམ་ཤས་ཆེ་ཞིང་རླུང་མང་། རྩ་མདའ་རྫོང་གྲོང་ཡོངས་ནི་ས་མདོག་སེར་པོས་རྩ་མདའི་དྲུ་རིས་བསྐོར་ཡོད་པ་དང་། ལྐོག་གྱུར་ངོ་མཚར་གྱི་རྣམ་པས་ཁེངས་ཡོད། 
   རྩ་མདའི་དྲུ་རི་ནི་ས་མཐོ་རྒྱུན་ཆད་མེད་པར་ཡར་བཏེགས་པ་དང་ཆབས་ཅིག་དུས་ཡུན་རིང་པོའི་རླུང་འགྱུར་དང་ཆར་ཆུ་སོགས་ཕྱི་ནང་གཉིས་ཀྱི་ཤུགས་རྐྱེན་ཐེབས་པའི་དམིགས་བསལ་གྱི་ས་དབྱིབས་ཆགས་སྟངས་ཤིག་ཡིན་པ་དང་། 2005ལོར་རྒྱལ་ཁབ་ས་གཤིས་སྤྱི་གླིང་ལ་ཆོག་མཆན་ཐོབ། 
   བོད་ལྗོངས་ནུབ་རྒྱུད་གུ་གེའི་རྒྱལ་རབས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་རྩིག་བཟོས་ཀྱི་རྗེས་ཤུལ་ཞིག་རེད། 1961ལོར་གུ་གེའི་རྒྱལ་རབས་ཀྱི་རྗེས་ཤུལ་དེ་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་ཁོངས་སུ་བཅུག་ཡོད། 
【1】  【2】  【3】  【4】
༄༅།།ངོ་མཚར་ཆེ་བའི་རྩྭ་མདའི་དྲུ་རི།