འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཧྥུའུ་ཅན་ཅིན་ཅང་གྲོང་ཁྱེར་ཕན་ཧྲན་གྲོང་ཚོའི་དགོན་སྡེའི་བརྐོས་དཀྲོལ་གྱི་མཛེས་སྡུག་
ཉམས་སུ་མྱོང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་30ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་ཟླ་1ཚེས་27ཉིན་ཅིན་ཅང་གྲོང་ཁྱེར་ཏུང་ཧྲི་གྲོང་རྡལ་ཕན་ཧྲན་གྲོང་ཚོར་ཕན་ཧྲན་དགོན་སྡེའི་བརྐོས་མའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཀྲེན་པའོ་ཧྲུའུ་ཡིས་འབྲུག་མགོའི་བརྐོས་རྒྱག་བཞིན་པ།
འདི་ནི་ཟླ་1ཚེས་27ཉིན་ཅིན་ཅང་གྲོང་ཁྱེར་ཏུང་ཧྲི་གྲོང་རྡལ་ཕན་ཧྲན་གྲོང་ཚོར་ཕན་ཧྲན་དགོན་སྡེའི་བརྐོས་མའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཀྲེན་པའོ་ཧྲུའུ་ཡིས་འབྲུག་མགོའི་བརྐོས་རྒྱག་བཞིན་པ།
    འབྲུག་ལོའི་དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ། ཧྥུའུ་ཅན་ཞིང་ཆེན་ཅིན་ཅང་གྲོང་ཁྱེར་ཏུང་ཧྲི་གྲོང་རྡལ་ཕན་ཧྲན་གྲོང་ཚོའི་ཤིང་བརྐོས་བཟོ་གྲྭར་བཟོ་པ་ཚོས་ཚོང་ཟོག་གི་མངགས་ཐོ་གང་མགྱོགས་བཟོས་ནས་རྩེར་སོན་གྱི་འབྲུག་ཀ་དང་འབྲུག་མགོ་སོགས་དགོན་སྡེའི་ཤིང་བརྐོས་ཐོན་རྫས་ཞིབ་ཚགས་བཟོ་བཞིན་ཡོད། ཕན་ཧྲན་དགོན་སྡེའི་ཤིང་བརྐོས་ནི་དགོན་སྡེའི་བརྐོས་དཀྲོལ་གྱི་མཚོན་བྱེད་ཡིན་ཞིང་། དེར་ལོ་རྒྱུས་ཡུན་རིང་ལྡན་པ་དང་བཟོ་རྩལ་བྱང་ཆུབ་པ་ཞིག་ཡོད། ཐོན་རྫས་གཙོ་བོ་མཚོ་འགག་ངོགས་གཉིས་སུ་བྲིན་ཚོང་བྱེད་པ་དང་ཆབས་ཅིག་སིང་ཀ་ཕོར་དང་། ཧིན་རྡུ་ཉི་ཞི་ཡ། ཧྥི་ལི་ཕིན་སོགས་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཏུ་བྲིན་ཚོང་བྱེད་ཀྱི་ཡོད། 2021ལོར་ཕན་ཧྲན་དགོན་སྡེའི་ཤིང་བརྐོས་མཚོན་བྱེད་དུ་བྱས་པའི་ཆོན་ཀྲོའུ་ཡི་ཤིང་བརྐོས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་ལྔ་པའི་མིང་གཞུང་ནང་བདམས་པ་རེད།