འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་ཨན་ཐི་ཀྭ་དང་པ་པུ་ཏའི་ཙུང་ལི་པུ་ལང་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་26ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཟླ་1ཚེས་24ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཨན་ཐི་ཀྭ་དང་པ་པུ་ཏའི་ཙུང་ལི་པུ་ལང་དང་མཇལ་འཛོམས་གནང་བ།
    ཟླ་1ཚེས་24ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཨན་ཐི་ཀྭ་དང་པ་པུ་ཏའི་ཙུང་ལི་པུ་ལང་དང་མཇལ་འཛོམས་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་24ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཨན་ཐི་ཀྭ་དང་པ་པུ་ཏའི་ཙུང་ལི་པུ་ལང་དང་མཇལ་འཛོམས་གནང་བ་རེད།
    ཞི་ཅིན་ཕིང་གིས་བསྟན་གནང་དོན། ཨན་ཐི་ཀྭ་དང་པ་པུ་ཏ་ནི་ཅ་ལེ་པིའི་ཤར་རྒྱུད་ས་ཁུལ་གྱི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་བཙུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་རེད། ཕྱི་འབྲེལ་བཙུགས་ནས་ལོ་41རིང་ཀྲུང་ཨན་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་རྒྱབ་སྐྱོར་བྱས་པར་བརྟེན། རྒྱལ་ཁབ་ཆེ་ཆུང་ཚང་མར་ལྟ་སྟངས་གཅིག་འཛིན་དང་མཉམ་ལས་གཉིས་ཕན་ཡོང་བར་བྱེད་མཁན་དཔེ་མཚོན་དུ་གྱུར་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་རྒྱུན་འཁྱོངས་བྱུང་བ་དང་། དངོས་སྒྲུབ་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ། མི་དམངས་དབར་གྱི་མཛའ་གྲོགས་འབྲེལ་བ་ཉིན་བཞིན་ཟབ་ཏུ་ཕྱིན་ཡོད། དུས་བབ་གསར་པའི་འོག་ཀྲུང་གོ་ཕྱོགས་ཀྱིས་ཨན་ཐི་ཀྭ་ཕྱོགས་དང་རིམ་པ་ཁག་གི་འགྲོ་འོང་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་ཨན་དབར་གྱི་འབྲེལ་བར་གྲུབ་འབྲས་དེ་བས་མང་པོ་ཐོབ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་མང་པོ་འདོགས་འདོད་ཡོད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཨན་ཕྱོགས་གཉིས་པོས་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་མུ་མཐུད་རྒྱུན་འཁྱོངས་བྱས་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་སེམས་བརྟན་དུ་བཏང་སྟེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨན་ཐི་ཀྭ་དང་པ་པུ་ཏ་ཕྱོགས་ནས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུ་བར་བསྔགས་བརྗོད་ཆེན་པོ་ཞུ་རྒྱུ་ཡིན་ལ། ང་ཚོས་ཀྱང་ཨན་ཐི་ཀྭ་དང་པ་པུ་ཏ་ཕྱོགས་ནས་རྒྱལ་ཁབ་ཀྱི་བདག་དབང་རང་བཙན་ལ་སྲུང་སྐྱོང་གནང་བ་དང་། རང་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་རང་བརྟེན་གདམ་ག་གནང་བར་སྔར་རྒྱུན་བཞིན་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཨན་ཐི་ཀྭ་དང་པ་པུ་ཏ་ནི་ཅ་ལེ་པིའི་ཤར་རྒྱུད་ས་ཁུལ་གྱི་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་དྲན་ཐོར་མིང་རྟགས་འགོད་མཁན་རྒྱལ་ཁབ་དང་པོ་དེ་རེད། ཕྱོགས་གཉིས་པོས་མཉམ་ལས་བྱས་པ་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དེ་ལས། ཨན་ཐི་ཀྭ་དང་པ་པུ་ཏ་འཕེལ་རྒྱས་དང་ཀྲུང་ཨན་མཉམ་ལས་ལ་གོ་སྐབས་གསར་པ་ཐོབ་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་བྱ་སྤྱོད་དོན་ཚན་བརྒྱད་ཀྱི་སྒྲོམ་གཞིའི་ནང་ཨན་ཐི་ཀྭ་ཕྱོགས་དང་ཚོང་དོན་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། གནམ་གཤིས་འགྱུར་ལྡོག ནུས་རྒྱུ་གསར་པ། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་མི་ཆོས་རིག་གནས་སྤེལ་རེས་བྱེད་ཟབ་ཏུ་གཏོང་དགོས། ཨན་པའི་གཞོན་ནུ་དེ་བས་མང་བ་ཀྲུང་གོར་སློབ་སྦྱོང་དང་ཟབ་སྦྱོང་བྱེད་པར་ཡོང་བར་དགའ་བསུ་ཞུ་གི་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨན་ཕྱོགས་དང་མཉམ་དུ་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་སྣེ་ཁྲིད་སྲོལ་གཏོད་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨན་པ་སོགས་གླིང་ཕྲན་ཆུང་ངུའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གནམ་གཤིས་འགྱུར་ལྡོག་ཁྱབ་ཁོངས་ཀྱི་དོ་ཁུར་དང་བདེ་སྡུག་ལ་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཨན་ཐི་ཀྭ་དང་པ་པུ་ཏས་སྐབས་བཞི་པའི་གླིང་ཕྲན་ཆུང་ངུའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚོགས་འདུ་གཙོ་གཉེར་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ས་ཁུལ་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་མུ་མཐུད་བྱས་ནས། ཀྲུང་གོ་དང་ཅ་ལེ་པིའི་རྒྱལ་ཁབ་དབར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཀྱང་ཡོད།
    པུ་ལང་གིས། ངས་ཨན་ཐི་ཀྭ་དང་པ་པུ་ཏ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་ཀྲུང་གོ་སྲིད་གཞུང་གིས་རྩ་ཆེའི་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན། ཀྲུང་གོས་རོགས་རམ་དང་མཉམ་ལས་གནང་བ་ལས་ཨན་པ་རྒྱལ་ཁབ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧ་ཅང་ཆེན་པོ་ཐེབས་པ་མ་ཟད། ད་དུང་ང་ཚོ་དབུལ་པོའི་གནས་ལས་སྒྲོལ་རོགས་ཀྱང་བྱས་བྱུང་། ཀྲུང་གོས་རྒྱལ་ཁབ་ཆེ་ཆུང་ཚང་མར་འདྲ་མཉམ་གྱི་ལྟ་སྟངས་གཅིག་མཚུངས་བཟུང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་བླ་ན་མེད་པའི་ཕུགས་འདུན་དེར་སྐུལ་འདེད་ཧུར་ཐག་བཏང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་བཅས་བཏོན་པ་བརྒྱུད། རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་འཛམ་གླིང་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་ཡོང་བར་སྐུལ་འདེད་བཏང་བ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་ཞིང་། འཛམ་གླིང་ཐོག་འགྲན་ཟླ་བྲལ་བའི་འགོ་ཁྲིད་ཀྱི་ནུས་པ་དང་འབོད་སྐུལ་གྱི་ནུས་པ་མངོན་པས། གོ་ལ་ཧྲིལ་པོའི་ལྷོ་རྒྱུད་རྒྱལ་ཁབ་དེ་བས་མང་པོས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་སྣེ་ཁྲིད་ཐུབ་ངེས་རེད། ཨན་ཕྱོགས་ཀྱིས་ཐའེ་དབན་ནི་འདས་པ་དང་། ད་ལྟ། མ་འོངས་བཅས་ཚང་མར་ཀྲུང་གོའི་ཞིང་ཆེན་ཞིག་ཡིན་པའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། ཨན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མུ་མཐུད་བརྟན་པོར་སྲུང་བ་དང་ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཨན་ཐི་ཀྭ་དང་པ་པུ་ཏ་ཀྲུང་གོའི་བློས་འཁེལ་ཤོས་ཀྱི་རོགས་ཟླ་ཞིག་བྱེད་འདོད་ཡོད། མིའི་རིགས་ཡོངས་ཀྱི་བདེ་རྩ་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྲུང་གོ་དང་མཉམ་དུ་བློ་བརྟན་འགྱུར་མེད་ངང་ལངས་ཕྱོགས་གཅིག་བཟུང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་བྱེད་ཀྱི་ཡིན། ང་ལ་ད་རེས་ཀྲུང་གོར་འཚམས་འདྲི་བྱས་པ་བརྒྱུད་ཨན་ཀྲུང་འབྲེལ་བ་སླར་ཡང་སྐས་རིམ་གསར་པར་སླེབས་ཏེ། མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་བ་ཐོབ་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེན་པོ་བསྐྲུན་ཐུབ་པའི་རེ་བ་ཡོད། ཨན་ཐི་ཀྭ་དང་པ་པུ་ཏས་ཅ་ལེ་པི་གཅིག་མཐུན་ཚོགས་པ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་མུ་མཐུད་སྐུལ་འདེད་ཧུར་ཐག་གཏོང་གི་ཡིན་ཞེས་གསུངས་པ་རེད།
   ཝང་དབྱི་མཇལ་འཛོམས་ལ་ཞུགས་པ་རེད།