འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་ཡུན་ནན་ཀྲའོ་ཐུང་གྲོང་ཁྱེར་ཀྲེན་ཞུང་རྫོང་དུ་རི་ཉིལ་བའི་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།

ལི་ཆང་གིས་མཆན་འགོད་མཛུབ་སྟོན་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་24ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འབྲེལ་ཆད་མི་སྣ་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་དང་ཞོར་ཐོན་གནོད་འཚེར་དོགས་ཟོན་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་པ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་22ཉིན་གྱི་ཆུ་ཚོད་6པ་ཡོལ་ཙམ་ལ། ཡུན་ནན་ཀྲའོ་ཐུང་གྲོང་ཁྱེར་ཀྲེན་ཞུང་རྫོང་ཐང་ཧྥང་གྲོང་རྡལ་ལེང་ཧྲུའེ་གྲོང་ཚོར་རི་ཉིལ་ནས་དུད་ཚང་18ཀྱི་ཁང་པ་བསྣུབས་པ་དང་མི་47དང་འབྲེལ་བ་ཆད་ཡོད་པ་རེད།
   གནོད་འཚེ་ཐོན་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་ནས་གལ་ཆེའི་མཛུབ་སྟོན་གནང་ཞིང་། ཁོང་གིས་རོགས་སྐྱོབ་སྟོབས་ཤུགས་མགྱོགས་ནས་མྱུར་དུ་སྒྲིག་འཛུགས་བྱས་ཏེ། འབྲེལ་ཆད་མི་སྣ་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱས་ནས་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་པ་དང་། ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡར་ཤུགས་སྣོན་བརྒྱབ་སྟེ་ཚན་རིག་དང་མཐུན་པའི་ངང་འཚོལ་སྐྱོབ་བྱས་ནས་ཞོར་ཐོན་གནོད་འཚེར་དོགས་ཟོན་བྱེད་དགོས་པ། རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིར་སེམས་གསོ་འཚམས་འདྲི་དང་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་སོགས་ཀྱི་ལས་དོན་འོས་ཤིང་འཚམ་པ་དང་ཡག་པོ་སྒྲུབ་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་མ་ཟད། ཞི་ཅིན་ཕིང་གིས་ད་དུང་དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་དུས་སུ་གྲང་རྒྱུན་ཉིས་བརྩེགས་ཀྱི་གནམ་གཤིས་བསྟན་པའི་ཤུགས་རྐྱེན་ཐེབས་ཏེ་རང་བྱུང་གནོད་འཚེ་དང་། འགྲིམ་འགྲུལ་གྱི་ལས་འཛོལ། བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་སོགས་ཐོན་སླ་བ་དང་མང་པོ་ཐོན་པས། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་དམ་པོར་དམིགས་ཏེ། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ་དང་། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། མི་སྣ་ཤི་རྨས་ཀྱི་དོན་རྐྱེན་ཚབས་ཆེན་མ་བྱུང་སྔོན་འགོག་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་པའི་ནན་བཤད་ཀྱང་གནང་བ་རེད།
   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ཞིང་། ཁོང་གིས་ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་ལས་དོན་སྒྲིག་འཛུགས་ཀྱིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ། འབྲེལ་ཆད་མི་སྣ་འཚོལ་སྐྱོབ་བྱས་ནས་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་པ་དང་ཆབས་ཅིག ཉེ་འཁོར་གྱི་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར་ཞིབ་ཚགས་བྱས་ཏེ། ཉེན་ཁའི་གནས་ཚུལ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡར་ཤུགས་སྣོན་བརྒྱབ་ནས་ཞོར་ཐོན་གནོད་འཚེར་དོགས་ཟོན་ཆེན་པོ་བྱེད་དགོས་པ་དང་། གནོད་འཚེ་ཐོན་ཁུལ་ནི་མཐོ་གྲང་རི་ཁུལ་དང་མི་རིགས་ས་ཁུལ་ཡིན་པས་ཉེན་ཁ་འཕྲད་པའི་མང་ཚོགས་གང་མགྱོགས་གནས་སྤོ་དང་བཀོད་སྒྲིག་ལས་དོན་འོས་ཤིང་འཚམ་པ་དང་ཡག་པོ་བྱས་ཏེ། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
   ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལི་ཆང་གི་བླང་བྱ་གཞིར་བཟུང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་དེ། ཡུན་ནན་གྱི་ས་གནས་ས་ཐོག་ཏུ་འཚོལ་སྐྱོབ་ལས་དོན་ལ་མཛུབ་ཁྲིད་གནང་བར་ཕེབས་པ་དང་། རང་བྱུང་ཐོན་ཁུངས་པུའུ་དང་འཕྲལ་སྡོམ་དོ་དམ་པུས་འཕྲལ་སྡོམ་དང་ལེན་ཞུ་འགོ་ཚུགས་པ། ཡུན་ནན་ཞིང་ཆེན་དང་ཀྲའོ་ཐུང་གྲོང་ཁྱེར་གྱིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་རོགས་སྐྱོབ་བྱེད་བཞིན་ཡོད་པ་དང་། མིག་སྔར་ལས་དོན་ཁག་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད་པ་རེད།