འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་17ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་གཉིས་པར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས》ཞེས་པ་བཀོད་ཡོད་པ་རེད།
    རྩོམ་ཡིག་ནང་ནན་བཤད་བྱས་དོན། འཐབ་ཕྱོགས་གཅིག་གྱུར་ནི་ཏང་གི་སྤྱིའི་ལམ་ཕྱོགས་དང་སྤྱིའི་སྲིད་ཇུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དེས་རང་རྒྱལ་གྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་དུས་སྐབས་མི་འདྲ་བར་ནུས་པ་གལ་ཆེན་ཐོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་སྤྱི་འདོམས་བྱས་ཏེ། རྒྱལ་སྐྱོང་སྲིད་ལུགས་ཀྱི་འཐབ་ཇུས་ཀྱི་མཐོ་ཚད་ནས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་བས། འཐབ་ཕྱོགས་གཅིག་གྱུར་ལས་མཐུན་སྒྲིལ་དང་། འབད་འཐབ། གསར་འབྱེད། འཁྲུག་ཆ་དོད་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་བཞིན་ཡོད།
   རྩོམ་ཡིག་ནང་བསྟན་དོན། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཆེ་ཤོས་ནི་ལག་ལེན་གྱི་ཁྲོད་ནས་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་པའི་སྐོར་གྱི་དགོངས་པ་གལ་ཆེན་གྲུབ་པ་དང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་སྐོར་གྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་པ་དེ་རེད། མདོར་བསྡུས་ནས་བཤད་ན། གཤམ་གསལ་གྱི་ཕྱོགས་12ཡིན་པ་སྟེ། གཅིག་ནས་ངེས་པར་དུ་འཐབ་ཕྱོགས་གཅིག་གྱུར་གྱི་མཆོག་ནོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཤིང་། འཐབ་ཕྱོགས་གཅིག་གྱུར་ནི་ཏང་གིས་དགྲ་བཏུལ་གཡུལ་རྒྱལ་དང་སྲིད་སྐྱོང་རྒྱལ་དར་གྱི་མཆོག་ནོར་གལ་ཆེན་ཞིག་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ལ་མཐུན་སྒྲིལ་གྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་མཆོག་ནོར་ཞིག་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས། ད་ཆའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་དེ་མཁོ་མ་ཆོད་པ་དང་གལ་ཆེན་པོ་མེད་པ་མིན་པར་དེ་ལས་ལྡོག་སྟེ་གལ་འགངས་དེ་བས་ཆེན་པོ་ཡོད། གཉིས་ནས་ངེས་པར་དུ་མི་སེམས་དང་སྟོབས་ཤུགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་ཤིང་། བློ་ཁ་གཏད་མིན་དང་སྟོབས་ཤུགས་ཆེ་ཆུང་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་རྒྱལ་ཕམ་ཇི་ཡོང་ལ་ཐུག་པའི་འགག་རྩ་ཡིན་ལ་ཆབ་སྲིད་ཆེ་ཤོས་ཀྱང་ཡིན། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ངོ་བོའི་བླང་བྱ་ནི་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་བྱ་རྒྱུ་དེ་ཡིན་པ་དང་ཐག་གཅོད་བྱེད་དགོས་པ་ནི་མི་སེམས་དང་སྟོབས་ཤུགས་ཀྱི་གནད་དོན་དེ་ཡིན། གསུམ་ནས་ངེས་པར་དུ་གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་ཤིང་། འགག་རྩ་དེ་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པ་མཐའ་འཁྱོངས་ཀྱིས“མཐུན་སྒྲིལ-སྐྱོན་བརྗོད-མཐུན་སྒྲིལ”བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། སྣ་མང་རང་བཞིན་ལ་བརྩི་འཇོག་བྱེད་པའི་ཁྲོད་དུ་གཅིག་མཐུན་རང་བཞིན་བཙལ་ནས་མཐུན་ཆ་ཆེ་ཤོས་འཚོལ་ཞིབ་ཀྱིས་སེམས་མཐུན་སྒོར་དབྱིབས་ཆེ་ཤོས་འབྲི་རྒྱུར་ཐུག་ཡོད། བཞི་ནས་ངེས་པར་དུ་ཀྲུང་གོའི་སྲིད་ཏང་ལམ་ལུགས་གསར་པ་མཐའ་འཁྱོངས་ཡག་པོ་དང་། འཕེལ་རྒྱས་ཡག་པོ། འཐུས་སྒོ་ཚང་དུ་བཅས་གཏོང་དགོས་ཤིང་། འཐབ་ཕྱོགས་གཅིག་གྱུར་གྱིས་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་ཆབས་ཅིག ཏང་མང་མཉམ་ལས་ནས་རྣམ་པ་གསར་པ་མངོན་པ་དང་། བསམ་བློའི་ངོས་འཛིན་གཅིག་མཐུན་ལ་མཐོར་གཏོང་གསར་པ་ཡོང་བ། རང་འགན་གཙང་སྒྲུབ་བྱས་ནས་བྱས་རྗེས་གསར་པ་མངོན་པ་བཅས་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། ལྔ་ནས་ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དུ་འཛིན་དགོས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ནི་མི་རིགས་མཐུན་སྒྲིལ་གྱི་གཞི་རྩ་ཡིན། མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་ཡང་དག་པའི་ལམ་བུར་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ། མི་རིགས་ཁག་ལ་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་མོས་སེམས་དེ་བས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས་ལ། མི་རིགས་ཁག་གི་མང་ཚོགས་ལ་བདེ་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་ཁུར། ཤི་གསོན་མཉམ་གནས། ལས་དབང་གཅིག་མཐུན་བཅས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་ཁྲིད་སྟོན་ཡང་བྱེད་དགོས། དྲུག་ནས་ངེས་པར་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས་ཤིང་། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་རིགས་པའི་གཞུང་ལུགས་དང་མཛད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། བདུན་ནས་ངེས་པར་དུ་ཏང་ཕྱིའི་ཤེས་ཡོན་ཅན་དང་སྤྱི་ཚོགས་རིམ་གྲས་ཀྱི་མི་སྣ་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལེགས་པར་སྒྲུབ་དགོས་ཤིང་། ཏང་ཕྱིའི་ཤེས་ཡོན་ཅན་གྱི་ལས་དོན་ཡག་པོ་སྒྲུབ་པར་བརྩི་འཇོག་གང་ལེགས་བྱ་རྒྱུ་ནི་སྔོན་འགྲོའི་ཆ་རྐྱེན་དང་། ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་རྒྱུ་ནི་འགག་རྩ། ནུས་པ་འདོན་སྤེལ་བྱ་རྒྱུ་ནི་དམིགས་ཡུལ་བཅས་ཡིན། སྤྱི་ཚོགས་རིམ་གྲས་ཀྱི་མི་སྣ་གསར་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་བྱེད་མཁན་ཡིན་པས། ཁོང་ཚོ་སྒྲིག་འཛུགས་བྱས་ནས་ཁྲིད་སྟོན་བྱེད་པར་ཤུགས་སྣོན་རྒྱག་པ་དང་ནུས་པ་འདོན་སྤེལ་བྱེད་དགོས། བརྒྱད་ནས་ངེས་པར་དུ་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ་དང་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་བྱེད་དགོས། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་དཔལ་འབྱོར་གྱི་གནད་དོན་གལ་ཆེན་ཞིག་རེད་ལ་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་རེད། དེས་ན་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ནས་སྲིད་གཞུང་དང་ཚོང་པའི་དབར་གྱི་ཉེ་གཙང་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་བ་དང་། དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་ཚད་ལྡན་ཞིག་བྱེད་པར་ཁྲིད་སྟོན་བྱེད་དགོས། དགུ་ནས་ངེས་པར་དུ་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་དང་དེ་བཞིན་ཕྱི་རྒྱལ་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་མི་སེམས་འགུགས་ཐབས་བྱེད་པའི་ནུས་པ་འདོན་སྤེལ་བྱེད་དགོས་ཤིང་། རྒྱལ་གཅེས་ཀང་གཅེས་དང་རྒྱལ་གཅེས་ཨའོ་གཅེས་ཀྱི་སྟོབས་ཤུགས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱས་ཏེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་བརྟན་ཁྲོད་རྒྱང་འཁྱོལ་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས། དུས་རབས་གསར་པར་ཏང་གིས་ཐའེ་དབན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་མཛད་ཇུས་ལག་ལེན་བསྟར་བ་དང་། ཐའེ་དབན་གྱི་རྒྱལ་གཅེས་གཅིག་གྱུར་སྟོབས་ཤུགས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ལ་ངོ་རྒོལ་བཅས་བྱས་ནས་མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས། ནུས་སེམས་གཅིག་སྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་དང་མཉམ་དུ་ལོངས་སྤྱོད་བྱེད་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། ཕྱིར་སྡོད་རང་མི་དང་། ཕྱིར་ལོག་རང་མི། ཕྱིར་སྡོད་རང་མིའི་ནང་མི་བཅས་ལ་མེས་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་དང་ཞི་བདེ་གཅིག་གྱུར་གྱི་བྱ་གཞག་ཆེན་པོའི་ཆེད་འབད་བརྩོན་བྱེད་དགོས་པའི་ཁྲིད་སྟོན་ཧུར་ཐག་བྱེད་དགོས། བཅུ་ནས་ངེས་པར་དུ་ཏང་ཕྱིའི་འཐུས་ཚབ་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བྱང་ཚད་མཐོ་རུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་བེད་སྤྱོད་བྱེད་པ། ནུས་པ་འདོན་སྤེལ་བྱེད་པ་བཅས་ཀྱི་ཐོག་ནས་རང་རེའི་ཏང་དང་མཉམ་ལས་དམ་ཟབ་བྱེད་པའི་ཏང་ཕྱིའི་འཐུས་ཚབ་མི་སྣ་ཁག་གཅིག་གསོ་སྐྱོང་ཧུར་ཐག་བྱེད་དགོས། བཅུ་གཅིག་ནས་ངེས་པར་དུ་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་ཁོང་དུ་ཆུད་པ་བྱེད་དགོས་ཤིང་། ཏང་ཕྱིའི་མི་སྣར་མཐུན་སྒྲིལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་མནའ་མཐུན་པའི་ཁེ་ཕན་ལ་བརྩི་འཇོག་དང་། སྲུང་སྐྱོང་། ལྟ་རྟོག་བཅས་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་ལྷག་བསམ་རྣམ་དག་བཅངས་ནས་ལྟ་སྟངས་འཛིན་པ་དང་། བརྩེ་སེམས་ཟབ་མོ་བཅངས་ནས་སེམས་འགུལ་ཐེབས་པ། གནད་ལུགས་གང་ལེགས་དྲངས་ནས་གསལ་པོ་ཤེས་པ། རོགས་རམ་ངོ་མ་བྱས་ནས་ཕན་པ་ཐོབ་པ་བཅས་བྱས་ནས་ཏང་ལ་གཅིག་སེམས་གཅིག་གཏད་བྱེད་མཁན་གྱི་ཏང་ཕྱིའི་གྲོགས་པོ་འབོར་ཆེན་སྒྲིག་དགོས། བཅུ་གཉིས་ནས་ངེས་པར་དུ་ཏང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་དགོས་ཤིང་། འཐབ་ཕྱོགས་གཅིག་གྱུར་ནི་ཏང་གིས་འགོ་ཁྲིད་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་ཡིན་པས། ཏང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ནི་ཏང་ཡོངས་ཀྱི་ལས་དོན་ཡིན་པས། ངེས་པར་དུ་ཏང་ཡོངས་ཀྱིས་མཐོང་ཆེན་དང་ཚང་མས་མཉམ་དུ་སྒྲུབ་དགོས། ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱིས་སྣེ་ཁྲིད་ནས་མཐུན་སྦྱོར་བྱེད་པ། འབྲེལ་ཡོད་ཕྱོགས་ཀྱིས་རང་འགན་རང་འཁུར་བྱེད་པ་བཅས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ལས་ཀའི་རྣམ་པ་ཞིག་གཏོད་དགོས་པ་བཅས་རེད།