འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་27ཉིན།

༄༅།།ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཧ་ཤིས་ནཱ་སླར་ཡང་བྷང་ག་ལའི་ཙུང་ལིར་
བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ།

——ལི་ཆང་གིས་ཙུང་ལི་ཧ་ཤིས་ནཱར་རྟེན་འབྲེལ་གློག་འཕྲིན་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་13ཉིན། 11:29】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤེ་ཧོ·ཧ་ཤིས་ནཱར་གློག་འཕྲིན་བཏང་ནས་ཁོང་སླར་ཡང་བྷང་ག་ལ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལིར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གིས། ཀྲུང་གོ་དང་བྷང་ག་ལ་ནི་སྲོལ་རྒྱུན་གྱི་མཛའ་ཞིང་མཐུན་པའི་ཁྱིམ་མཚེས་རྒྱལ་ཁབ་རེད། ཕྱི་འབྲེལ་བཙུགས་ནས་ལོ་49སོང་རིང་། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ལྟ་འདྲ་འདྲ་མཉམ་འཛིན་པ། གཉིས་ཁེ་གཉིས་ཕན་བཅས་དང་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་རང་སོ་སོ་འཕེལ་རྒྱས་དར་རྒྱས་གཏོང་བའི་ལམ་དུ་མཉམ་དུ་མདུན་སྐྱོད་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱི་བདེ་རྩ་སྐྲུན་ཡོད། ན་ནིང་ཟླ་8པར། ང་དང་ཙུང་ལི་ཧ་ཤིས་ནཱ་ལྷོ་ཨ་ཧྥེ་རི་ཁའི་གཡོད་ཧན་ནེ་སེ་པའོ་རུ་མཇལ་འཛོམས་བྱས་ནས་ཀྲུང་བྷང་གི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་། ཀྲུང་བྷང་ཕྱོགས་གཉིས་པོས་མཉམ་དུ་འབད་བརྩོན་བྱས་ཏེ་ཕྱོགས་གཉིས་པོའི་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་སྔར་བས་དོན་འཁྱོལ་ཡག་པོ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། སྲོལ་རྒྱུན་གྱི་མཛའ་གྲོགས་དར་སྤེལ་གཏོང་བ། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། “རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོས་མཉམ་སྐྲུན་བཅས་བྱས་ཏེ་ཀྲུང་བྷང་གི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟམ་མི་ཆད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
     དེ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཙུང་ལི་ཧ་ཤིས་ནཱར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད།