༄༅།།ངག་ཐོག་ལོ་རྒྱུས་ཀྱི་འགྲེམས་སྟོན་ཁང་འདི་སྒོ་ཕྱེ་འདུག
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 03ཚེས་28ཉིན། 13:58】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཉེ་ཆར། 3·28བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་འཆར་ཉེར་ཡོད་པའི་སྐབས་སུ། རྒྱལ་ཡོངས་ཀྱི་བོད་ཀྱི་གསར་བརྗེའི་ལོ་རྒྱུས་ནང་དོན་གཙོ་བོར་བྱས་པའི་“བོད་སྐྱོད་པ་རྒན་པའི་”ངག་ཐོག་ལོ་རྒྱུས་འགྲེམས་ཁང་དང་པོ་སྟེ། 《དྲན་གསོའི་རྡོ་རིང་》ཉིང་ཁྲི་གྲོང་ཁྱེར་སྤོ་མེས་རྫོང་དུ་སྒོ་ཕྱེ་བ་རེད།
《དྲན་གསོའི་རྡོ་རིང་》འགྲེམས་ཁང་དེ་སྤོ་མེས་རྫོང་སུམ་འཛོམས་གྲོང་རྡལ་དུ་གནས་པ་དང་། འགྲེམས་སྟོན་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་967ཡོད། འགྲེམས་ཁང་ནང་གཙོ་བོ་མི་རབས་ནས་མི་རབས་བར་གྱི་“བོད་སྐྱོད་པ་རྒན་གྲས་”ལ་དམིགས་ནས་གངས་ལྗོངས་ས་མཐོའི་མཛད་རྗེས་རྡོ་རིང་དང་། རྗེས་རབས་པར་གུས་འདུད་ཞུ་བའི་མཛད་རྗེས་རྡོ་རིང་། གསར་བརྗེའི་གཞི་རྒྱུ་མུ་མཐུད་སྤེལ་བ། ལོ་རྒྱུས་ཀྱི་འབྱུང་བ་ཆེན་མོར་བརྟེན་པའི་གཏམ་རྒྱུད་སོན་ཉམས་དོད་པོར་གླེང་ནས། དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་བོད་ཀྱིས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་མི་ཡུལ་གྱི་ངོ་མཚར་བརྒལ་བ་དང་། དེ་བཞིན་དུས་རབས་གསར་པའི་འཕེལ་རྒྱས་རླབས་པོ་ཆེ་ལས་བོད་སྐྱོད་པ་དང་“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་”དང་“ལམ་གཉིས་སྐྲུན་པའི་”སྙིང་སྟོབས་རྒྱུན་འཛིན་དང་ལོ་རྒྱུས་ཀྱི་རྣམ་པ་གསར་པ་མངོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་སྤོ་མེས་རྫོང་གིས་མྱུར་སྐྱོབ་རང་བཞིན་གྱི་བཅར་འདྲི་དང་སྔོག་འདོན་ལས་དོན་མུ་མཐུད་སྤེལ་ནས། བོད་དུ་ལས་ཀ་དང་འཚོ་བ་སྐྱེལ་མྱོང་བའི་རྒན་རྒོན་300ལྷག་ཙམ་ལ་སྔ་རྗེས་སུ་བཅར་འདྲི་བྱས་པ་དང་འབྲེལ། “བོད་སྐྱོད་པ་རྒན་གྲས་”ཀྱི་རྗེས་རབས་པ་3000ལྷག་ཙམ་དང་འབྲེལ་བ་བྱས་པ་རེད།《དྲན་གསོའི་རྡོ་རིང་》དེ་བཅར་འདྲི་འཚོལ་བསྡུ་ལེགས་སྒྲིག་བྱས་པའི་“བོད་སྐྱོད་པ་རྒན་གྲས་”ཀྱི་ངག་ཐོག་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ཇུས་འགོད་འགྲེམས་སྟོན་ཞིག་ཡིན་པ་དང་། ལོ་རྒྱུས་ཀྱི་པར་རིས་རྩ་ཆེན་4000ལྷག་ཙམ་ནང་ནས་1800ལྷག་ཙམ་ལེགས་འདེམས་བྱས་པ་དང་། དཔྱད་གཞིའི་ཡིག་རིགས་2500ལྷག་ཙམ་ནང་ནས་ཚགས་པར་རྙིང་པ་དང་། ཡིག་ཚགས་རྙིང་པ་35བདམས་ཏེ་འགྲེམས་སྟོན་བྱས་པ་དང་། དངོས་རྫས་60ལྷག་ཙམ་འགྲེམས་སྟོན་བྱས་པ་རེད།
ཉིང་ཁྲི་གྲོང་ཁྱེར་སྤོ་མེས་རྫོང་ཨུའི་ཧྲུའུ་ཅི་བསྟན་འཛིན་ལྷ་མོས་བཤད་དོན། ཉེ་བའི་ལོ་ཤས་རིང་སྤོ་མེས་རྫོང་གིས་གསར་བརྗེའི་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། སྔ་རྗེས་སུ་ཐོག་བརྩེགས་དམར་པོ་དང་དབྱི་ཀུང་དམག་དཔོན་ཐོག་ཁང་སོགས་གསར་བརྗེའི་སློབ་གསོའི་གཡུལ་ས་མང་པོ་ཞིག་བཏོད་དེ། “སྐོར་སྐྱོད་ཀྱི་གསར་བརྗེའི་དངོས་མང་བཤམས་སྟོན་ཁང་”དང་། “སྔོན་གཤེགས་དཔའ་བོའི་གཉེན་ཉེ་འཚོལ་བ་·སྤྲིན་གྱི་མཆོད་པ་”སོགས་གསར་བརྗེའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། གསར་བརྗེའི་ཐོག་ནས་བསམ་པའི་དཔལ་ཡོན་གྱི་སྲོལ་གཏོད་ལ་སྐུལ་འདེད་བཏང་བ་དང་། རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བྱས་ཏེ་ལས་སྒྲུབ་དང་ལས་གཏོད་ཀྱི་སྙིང་སྟོབས་གཅིག་སྡུད་བྱས་པ་རེད།