འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གསེར་དངུལ་ཟངས་སོགས་རྡུང་བའི་ལག་རྩལ་རྒྱུད་འཛིན། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་12ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།གསེར་དངུལ་ཟངས་སོགས་རྡུང་བའི་ལག་རྩལ་རྒྱུད་འཛིན།
   བཀྲ་ཤིས་སྐྱིད་ཚལ་གྱི་གསེར་དངུལ་ཟངས་ཆས་རྡུང་ཁང་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཁུལ་དུ་ཡོད་པ་དང་། མགར་བའི་རོགས་རེས་ཚོགས་ཆུང་ནས་འཕེལ་རྒྱས་བྱུང་ནས་ལག་ཤེས་བཟོ་ལས་ཀྱི་ཁེ་ལས་སུ་གྱུར་པ་ཞིག་རེད། 2011ལོར། བཀྲ་ཤིས་སྐྱིད་ཚལ་གསེར་དངུལ་ཟངས་ཆས་ལག་རྩལ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་གསུམ་པའི་ནང་བཅུག་ཡོད།   
   བཟོ་ཁང་ནང་ལག་ཤེས་བཟོ་པས་རང་འགན་རང་གིས་འཁུར་ཏེ་ངར་ལྕགས་དང་། འཇིམ་བརྐོས། རྐོ་དཀྲོལ་སོགས་ཀྱི་ལས་རིམ་ལེགས་སྒྲུབ་བྱེད་ཀྱིན་ཡོད། བརྐོས་དཀྲོལ་ལེགས་པའི་གསེར་དངུལ་ཟངས་ཆས་ཚང་མ་ལག་གཉིས་ཀྱི་རྩལ་ལ་བརྟེན་ནས་བཟོས་པ་ཡིན་ཞིང་། སྒྱུ་རྩལ་པས་ཐེའུ་ཆུང་གི་རྡུང་སྒྲ་དལ་ལྷོད་རན་པོ་བརྒྱུད་དེ་གནའ་བོའི་ལག་རྩལ་བརྟན་སྲུང་དང་རྒྱུན་འཛིན་བྱེད་བཞིན་ཡོད།
༄༅།།གསེར་དངུལ་ཟངས་སོགས་རྡུང་བའི་ལག་རྩལ་རྒྱུད་འཛིན།
༄༅།།གསེར་དངུལ་ཟངས་སོགས་རྡུང་བའི་ལག་རྩལ་རྒྱུད་འཛིན།