འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ད་ལོར་བོད་ལྗོངས་ཀྱིས་གྲོང་གསེབ་དར་རྒྱས་ཀྱི་རྣམ་གྲངས་1337ལག་བསྟར་བྱ་རྒྱུ་ཡིན་པ། རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་146.73གཏོང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་01ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་དུས་ཚིགས་དང་པོའི་ཞིང་འབྲོག་ལས་དོན་གྱི་བཀོད་གཏོང་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2023ལོར་བོད་ལྗོངས་ཀྱིས་གྲོང་གསེབ་དར་རྒྱས་ཀྱི་རྣམ་གྲངས་1337ལག་བསྟར་བྱ་རྒྱུ་ཡིན་པ་དང་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་146.73གཏོང་རྒྱུ་ཡིན་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཁག་དང་པོའི་ཀྲུང་དབྱང་གི་འབྲེལ་མཐུད་མ་དངུལ་སྒོར་དུང་ཕྱུར་68.57གཤམ་སྤྲོད་བྱས་པ་དང་། རྣམ་གྲངས་84ལས་འགོ་ཚུགས་པ། འབྲེལ་ཡོད་མ་དངུལ་སྒོར་དུང་ཕྱུར་7.01ཟིན་པ་བཅས་དང་། དུས་འགོའི་ལས་དོན་དང་འོས་སྐུལ་བརྒྱུད་རིམ་ནང་ཞུགས་པའི་རྣམ་གྲངས་809ལེགས་སྒྲུབ་བྱས་པ་དང་འབྲེལ་ཡོད་མ་དངུལ་སྒོར་དུང་ཕྱུར་91.31ཟིན་གྱི་ཡོད་པ་རེད།
     “གྲོང་ཁྱེར་དང་རྫོང་ཁག་གིས་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་དམ་འཛིན་ནན་པོ་བྱས་ནས། ཟླ་3ཚེས་1ཉིན་གོང་ངེས་པར་དུ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་སྔོན་ལ་གཤམ་སྤྲོད་བྱས་པའི་འབྲེལ་མཐུད་མ་དངུལ་རྣམ་གྲངས་ཀྱི་འོས་སྐུལ་ལས་དོན་ལེགས་སྒྲུབ་བྱེད་དགོས་པ་དང་། ཟླ་4ཚེས་1ཉིན་གོང་ལས་འགོ་ཚུགས་ཚད་100%(ས་བབ་མཐོ་ཚད་སྨི་4000ཡན་གྱི་ས་ཁུལ་ཟླ་5ཚེས་20ཉིན་གྱི་གོང)ཟིན་དགོས་པ། དུས་ཚིགས་དང་པོར་ཀྲུང་དབྱང་གིས་འབྲེལ་མཐུད་མ་དངུལ་གཏོང་བའི་འཕེལ་རིམ་30%ཟིན་དགོས” བོད་རང་སྐྱོང་ལྗོངས་གྲོང་གསེབ་དར་རྒྱས་ཅུས་ཀྱི་འགན་འཁུར་བ་གཙོ་བོས། གྲོང་ཁྱེར་དང་ས་ཁུལ་ཁག་གིས་མ་དངུལ་གྱི་རྣམ་གྲངས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། དབུལ་སྒྲོལ་རྫོང་གི་ཞིང་འབྲེལ་སྤྱི་འདོམས་བསྡུ་སྒྲིལ་མ་དངུལ་གྱི་ལག་བསྟར་ཇུས་གཞི་དང་རྣམ་གྲངས་ལག་བསྟར་ཇུས་གཞི་གང་མགྱོགས་ལེགས་སྒྲུབ་བྱས་ཏེ། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་མཐུད་མ་དངུལ་ཐོན་ལས་སུ་སྤྱོད་པའི་བསྡུར་ཚད་60%ལས་མི་དམའ་བ་བྱེད་དགོས་པ་དང་ཆབས་ཅིག རྣམ་གྲངས་བཀོད་གཏོང་གི་མཛུབ་ཁྲིད་ལས་དོན་ལ་ཤུགས་སྣོན་ཆེན་པོ་བརྒྱབ་སྟེ་རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པ་གཉིས་ཀྱིས་དུས་ཚོད་དང་མཚམས་ཚིགས་ལ་གཞིགས་ནས་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། ཟླ་གསུམ་པའི་ཟླ་མཇུག་གོང་རྫོང་དང་ཆུས་ཡོངས་སུ་ཁྱབ་པར་བྱས་ནས་སྔོན་གཏན་འཁེལ་བའི་དམིགས་ཚད་སྤུས་ཚད་མཐོ་པོས་ལེགས་སྒྲུབ་ཐུབ་པ་བྱེད་དགོས་ཞེས་བཤད།