གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 11ཚེས་29ཉིན། 12:20】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁོ་ལོན་པོ་ནས་ཟླ་11ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན། ཀྲུང་གོ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་བཟོས་པའི་ཆེད་དོན་པར་གཞི《ཞི་ཅིན་ཕིང་གི་རིག་གནས་ལ་བཅངས་པའི་བརྩེ་བ》སྟོན་འགོ་ཚུགས་པའི་བྱེད་སྒོ་སི་རི་ལན་ཁའི་གྲོང་ཁྱེར་ཁོ་ལོན་པོ་རུ་སྤེལ་བ་རེད། ཉིན་དེ་ནས་བཟུང་། 《ཞི་ཅིན་ཕིང་གི་རིག་གནས་ལ་བཅངས་པའི་བརྩེ་བ》(དབྱིན་ཡིག་དང་། སེང་ཅཱ་ལོའི་སྐད་ཡིག ཐའེ་སྨིར་སྐད་ཡིག་བཅས་ཀྱི་དཔར་མ)སི་རི་ལན་ཁའི་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་སོཌ་གཙོ་རྒྱུན་སྨྱན་སྦྱོར་ནས་བསྟན་རྒྱུ་རེད།
《ཞི་ཅིན་ཕིང་གི་རིག་གནས་ལ་བཅངས་པའི་བརྩེ་བ》ཡི་ནང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་། སྐུ་ངོ་མས་ཇུས་འགོད། སྐུལ་འདེད་བཏང་བ་བཅས་ཀྱི་གཏམ་རྒྱུད་བརྗོད་དེ།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་རིག་གནས་ལ་བཅངས་པའི་བརྩེ་བ་ཟབ་མོ་དང་ཀྲུང་ཧྭའི་རིག་རྒྱུན་འཛིན་སྐྱོང་དང་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བར་བསམ་གཞིག་ཟབ་མོ་གནང་ལུགས་མངོན་གྱི་ཡོད།
སི་རི་ལན་ཁའི་ཙུང་ལི་ཨ་མཱ་ལ་སུའུ་ལི་ཡ་ཡིས《ཞི་ཅིན་ཕིང་གི་རིག་གནས་ལ་བཅངས་པའི་བརྩེ་བ》ཞེས་པ་དེ་སི་རི་ལན་ཁའི་མི་དམངས་ཀྱིས་རིག་གནས་དང་ཤེས་དཔལ་སྐོར་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་བཞེད་དོན་ཤེས་རྟོགས་གཏིང་ཟབ་བྱེད་པར་ཕན་ཐོགས་ཡོད་ལ། རྒྱལ་ཁབ་ཁག་གིས་རིག་གནས་སྲོལ་རྒྱུན་བརྟན་སྲུང་བྱེད་པ་དང་དུས་མཚུངས་དེང་རབས་ཅན་ལ་སྐུལ་འདེད་ཇི་ལྟར་གཏོང་བར་བློ་སྒོ་གལ་ཆེན་ཡང་ཕྱེ་ཡོད་ཅེས་གསུངས་པ་རེད།
དེ་ཉིན་ཀྲུང་གོ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་སི་རི་ལན་ཁ་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“ལེ་དབར་སྟོང་གི་དར་ལམ་བརྩེ་སེམས་ཟབ། ལེ་དབར་ཁྲི་རུ་གྲུ་གཡོར་མཉམ་དུ་བསྒྲེངས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོ་དང་སི་རི་ལན་ཁའི་མི་ཆོས་རིག་གནས་སྤེལ་རེས་བྱེད་སྒོ་གྲོང་ཁྱེར་ཁོ་ལོན་པོར་སྤེལ་བ་རེད།