གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 11ཚེས་25ཉིན། 09:49】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

འདི་ནི་2026ལོའི་ཟླ་11ཚེས་19ཉིན་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ལི་རྫོང་ལི་བཙན་ལམ་རྒྱུད་ཀྱི་ལྟ་ན་སྡུག་པའི་མཛེས་ལྗོངས་ཡིན་པ།
2026ལོའི་ཟླ་11ཚེས་19ཉིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ལི་རྫོང་ལི་བཙན་ལམ་རྒྱུད་ཀྱི་མཛེས་ལྗོངས་ལྟ་ན་སྡུག་ཅིང་། དགུན་ཐོག་མའི་སི་ཁྲོན་ནུབ་རྒྱུད་ཀྱི་ས་གཞི་ཆེ་མོར་ཚོན་མདོག་རྣམ་པར་བཀྲ་བ་དང་། གངས་རི་དང་། ནགས་ཚལ། དགུང་སྔོན། སྤྲིན་དཀར་བཅས་ལས་སྙན་ངག་གི་ཉམས་འགྱུར་ཟབ་མོ་ལྡན་པའི་རང་བྱུང་མཛེས་ལྗོངས་ཤིག་གྲུབ་ཡོད།