འཚོལ་བཤེར།   
藏文频道
2026ལོའི་ཟླ་11ཚེས་24ཉིན།

༄༅།།མཚོ་སྔོན་གྱི“སྐད་ལ་ཉན་ནས་བྱ་རིགས་ངོས་འཛིན”གྱི་ཚན་རིག་ཁྱབ་གདལ་གྱི་བརྙན་དེབ་ཐོག་མ་འགྲེམས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 11ཚེས་24ཉིན། 15:45】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་སྤྱི་གླིང་ཚན་ཞིབ་ལྟ་ཞིབ་ཚད་ལེན་དཔྱད་དཔོག་ལྟེ་གནས་ཀྱིས《མཚོ་སྔོན་གྱི་བྱ་རིགས་སྐད་སྒྲ་ངོས་འཛིན་བརྙན་དེབ》འགྲེམས་བསྒྲགས་བྱས་པ་རེད།

བྱ་རིགས་སྐད་སྒྲ་ངོས་འཛིན་གཙོ་བོར་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་གསར་གཏོད་རྣམ་པའི་ཚན་རིག་ཁྱབ་གདལ་གྱི་ཀློག་དེབ་ཐོག་མ་ཡིན་པའི་ངོས་ནས། ད་ཐེངས་འགྲེམས་བསྒྲགས་བྱས་པའི་སྐད་སྒྲ་ངོས་འཛིན་གྱི་བརྙན་དེབ་ནང་བྱ་རིགས་ཀྱི་པར་རིས་དང་ཡི་གེའི་ཐད་ཀྱི་སྲོལ་རྒྱུན་གྱི་ངོས་འཛིན་བྱེད་སྟངས་དོར་ཏེ“ཡི་གེའི་ཚན་རིག་ཁྱབ་གདལ་དང་། སྐད་སྒྲའི་པར་རིས། སྐད་སྒྲ་གསལ་འགྲེལ”བཅས་ཀྱི་ཁྱད་ཆོས་ལ་བརྟེན་ནས། རྒྱུན་མཐོང་དང་གཙོ་གནད་སྲུང་སྐྱོང་གི་བྱ་རིགས་ཀྱི་སྐད་སྒྲའི་ཁྱད་ཆོས་དང་། སྐད་སྒྲའི་རླབས་རིས་ཀྱི་ཁྱད་ཆོས། འཚོ་སྡོད་ཁོར་ཡུག་སོགས་གསལ་པོར་བཀོད་ཡོད་ཅིང་། དེར་ཆེད་ལས་རང་བཞིན་དང་། ལྟ་འདོད་རང་བཞིན། ཉེར་མཁོའི་རང་བཞིན་བཅས་ལྡན་ཡོད། (གནམ་ཕྱུག་རྒྱལ་གྱིས་བསྒྱུར། བདེ་སྐྱིད་ཀྱིས་ཞུས)