འཚོལ་བཤེར།   
藏文频道
2026ལོའི་ཟླ་11ཚེས་20ཉིན།

༄༅།།ཀུ་ཤུ་ཀུང་སིར་གཞི་རྒྱ་ཆེ་བའི་སྐྱོན་བྱུང་འདུག 

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 11ཚེས་20ཉིན། 14:31】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་17ཉིན། ཨ་རིའི་ཀུ་ཤུ་ཀུང་སིར་གཞི་ཁྱོན་ཆེ་བའི་དྲ་རྒྱའི་ལག་རྩལ་གྱི་སྐྱོན་ཤོར་ནས་བཀོལ་སྤྱོད་ཚོང་ཁང་དང་། སྤྲིན་རྩིས་ཞབས་ཞུ། གཏོང་སྤྲོད་སོགས་ཞབས་ཞུ་མང་པོར་ཤུགས་རྐྱེན་ཐེབས་ཡོད་པ་རེད། ཉིན་དེར་ཀུའུ་ཀེ་གློག་རྡུལ་སྦྲག་ཡིག་ཞབས་ཞུ་དང་ཝན་ཧའོ་རྒྱལ་སྤྱིའི་མགྲོན་ཁང་ཚོགས་པའི་དྲ་རྒྱའི་སྟེགས་བུར་ཡང་འཛད་སྤྱོད་པས་སྐྱོན་ཤོར་ཡོད་པ་སྙན་སེང་ཞུས།

    ཀུ་ཤུ་ཀུང་སིས་ཉེར་སྤྱོད་ཚོང་ཁང་དང་། ཀུ་ཤུ་རྟགས་ཅན་གྱི་རོལ་དབྱངས། སྤྲིན་ཚོགས་གསོག་ཉར་རྩིས་ཁྲའི་ཐོ་འགོད་སོགས་ཀྱི་ཞབས་ཞུ་ཚང་མར་ཤུགས་རྐྱེན་ཐེབས་པ་དང་། སྐྱོན་གཙོ་བོ་ནི་དེ་ཉིན་སྔ་དྲོ་ནང་ཁུལ་གྱི་མ་ལག་གསར་པ་བརྗེས་པ་ལས་བྱུང་བ་དང་། ད་ཆ་མ་ལག་ཁག་གཅིག་འཁོར་སྐྱོད་སླར་གསོ་ཐུབ་ཡོད་ཅེས་ར་སྤྲོད་བྱས་པ་རེད། ཀུང་སིས་དུས་གཅིག་ཏུ་ཐེངས་འདིའི་སྐྱོན་ནི་དྲ་རྒྱའི་རྒོལ་བ་ལས་བྱུང་བ་མིན་ཟེར།