གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 11ཚེས་20ཉིན། 14:31】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཚེས་19ཉིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་དང་དེ་བཞིན་འབྲེལ་ཡོད་སྒྲིག་གཞིའི་མཉམ་འབྲེལ་བརྡ་ཁྱབ་ཚོགས་འདུ་འཚོགས་ཤིང་། ཀྲུང་གོ་ཕྱོགས་ཀྱི་འཐུས་མིས། “ཤར་གྲུ་གུ་དབྱི་སི་ལམ་པོའི་ལས་འགུལ”སོགས་པའི་འཇིགས་སྐུལ་རྩ་འཛུགས་ཀྱིས་རིག་ནུས་བཅོས་མ་དང་། མི་མེད་གནམ་གྲུ་སོགས་གསར་དར་ལག་རྩལ་སྤྱད་དེ། འཇིགས་སྐུལ་རིང་ལུགས་ཀྱི་བྱེད་ཐབས་ཀྱི་རིམ་པ་སྤར་ནས། འཛམ་གླིང་གི་ཞི་བདེར་མུ་མཐུད་འཇིགས་སྐུལ་བཟོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇིགས་སྐུལ་རིང་ལུགས་ཀྱི་རྣམ་པ་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། རྨས་གསོད་གཞི་ཁྱོན་ཆེ་བའི་རང་བཞིན་གྱི་མཚོན་ཆ་དང་དེ་བཞིན་སྐྱེལ་འདྲེན་ཡོ་བྱད་ཁྱབ་རྒྱ་ཆེ་རུ་འགྲོ་བར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཀྲུང་གོ་ཕྱོགས་ཀྱི་ཨུ་ཡོན་ལྷན་ཁང་གིས་དུས་བབ་གསར་པ་དང་བསྟུན་ནས། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལ་ཧྲིལ་པོའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འཐབ་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་ཡོང་བའི་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལུགས་བསྟན།