འཚོལ་བཤེར།   
藏文频道
2026ལོའི་ཟླ་11ཚེས་20ཉིན།

༄༅།།བོད་ལྗོངས་རྩྭ་མདའ་རྫོང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 11ཚེས་20ཉིན། 10:23】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་གཙོ་རྐང་ལ་དམ་པོར་དམིགས་ཏེ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལ་སྣེ་ཁྲིད་ཀྱིས་མི་རིགས་མཐུན་སྒྲིལ་ལས་དོན་དེ་གཞི་རིམ་ཏང་འཛུགས་སྐྱོང་དང་། གྲོང་གསེབ་དར་རྒྱས། གཞི་རིམ་བཅོས་སྐྱོང་བཅས་དང་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་བཏང་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་རྒྱུན་མཐུད་བཏོད་ཡོད།

     ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་བྱེད་པའི་མི་རིགས་ལས་དོན་གྱི་རྩ་འཛུགས་སྒྲིག་གཞི་འཐུས་སྒོ་ཚང་དུ་བཏང་ནས་མི་རིགས་མཐུན་སྒྲིལ་ལས་དོན་དེ་གཞི་རིམ་ཏང་འཛུགས་སྐྱོང་དང་། གྲོང་གསེབ་དར་རྒྱས། གཞི་རིམ་བཅོས་སྐྱོང་བཅས་དང་མཉམ་དུ་བཀོད་སྒྲིག་དང་། མཉམ་དུ་སྐུལ་འདེད། མཉམ་དུ་དཔྱད་ཞིབ་བཅས་བྱས་ཤིང་། རྫོང་དེའི་གྲོང་ཚོ(གྲོང་ལྷན)36ལ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཚོགས་ཆུང་བཙུགས་ནས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིས་ཙུའུ་ཀྲང་གི་འགན་ཁུར་ཏེ་མི་རིགས་སྲིད་ཇུས་སྒྲོག་འགྲེལ་དང་། མང་ཚོགས་ལ་བཅར་འདྲི། རེ་ཞུ་སྒྲུབ་གཉེར་སོགས་ཀྱི་ལས་དོན་ལ་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་སྟེ་མི་རིགས་མཐུན་སྒྲིལ་ལས་དོན་གྱི་མཐའ་མའི་འགག་གནད་བསལ་བ་རེད། འབྲོག་ཁུལ་གྱི་མཚེར་ས་སྤོ་བ་དང་ནམ་དུས་དང་བསྟུན་ནས་ཕྱུགས་འཚོ་བར་འགྲོ་བའི་དོན་དངོས་ལ་དམིགས་ནས། ཞིང་འབྲོག་ཁུལ་དུ་གནས་སྐབས་ཏང་རྩ་འཛུགས་8བཙུགས་པ་དང་ཕྱོགས་མི་ཏང་ཡོན་209ལ་གྲལ་བཤེར་བྱས་ནས་མང་ཚོགས་གང་དུ་སྤོས་ན་དེ་རུ་ཏང་རྩ་འཛུགས་ཀྱི་ལས་དོན་སྤེལ་བར་སྐུལ་འདེད་བཏང་བ་རེད།

     དཔུང་ཁག་འཛུགས་སྐྱོང་ཐད་རྩྭ་མདའ་རྫོང་གིས་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དེ་ཏང་ཡོན་ལས་བྱེད་པའི་སློབ་གསོ་དང་གསོ་སྦྱོང་གི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཆེད་དོན་གསོ་སྦྱོང་དང་མཚན་མོའི་སློབ་ཚན་སོགས་ཀྱི་གཞི་རྟེན་ལ་བརྟེན་ནས་གསོ་སྦྱོང་ཐེངས་21བྱས་པས་མི་ཐེངས་1000ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད། ད་དུང་ཏང་ཡོན་ལས་བྱེད་པར་སྣེ་ཁྲིད་དེ་མི་རིགས་སྲིད་ཇུས་སློབ་སྦྱོང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་ལ་ཞུགས་རྒྱུར་ཁྲིད་སྟོན་བྱས་པ་རེད། དྲིལ་བསྒྲགས་སློབ་གསོའི་གཞི་རྟེན་ཐད་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་ཐེངས་220ལྷག་ཙམ་བྱས་པར་མང་ཚོགས་མི་ཐེངས་2500ལྷག་ཙམ་ཞུགས་ཡོད། “ལས་ཁུངས་ཀྱིས་དགོན་པར་སྐུལ་ཁྲིད་བྱས་ནས་མཉམ་སྐྲུན་མཉམ་གཏོད་བྱེད་པའི”ཏང་འཛུགས་སྐྱོང་གི་སྤུས་རྟགས་བཏོད་དེ་ཏང་ཡོན་དང་བླངས་པ་སྒྲིག་འཛུགས་ཀྱིས་དགོན་སྡེར་རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་སོགས་ཀྱི་སྒྲོག་འགྲེལ་ཐེངས་46བྱས་པས་གྲྭ་བཙུན་མི་ཐེངས་200ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད། “མཐའ་མཚམས་ཀྱི་དར་དམར”སྒྲོག་འགྲེལ་ཚོགས་པར་བརྟེན་ནས་རྒྱུན་རྣམ་ཅན་གྱིས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཐེངས་200ལྷག་ཙམ་སྤེལ་བས་མང་ཚོགས་མི་ཐེངས་3000ལྷག་ཙམ་ལ་སློབ་གསོ་ཐེབས་པ་རེད།

     གཞན་ཡང་། རྩྭ་མདའ་རྫོང་གིས་དམག་དཔུང་དང་ས་གནས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཆ་སྒྲིག་མཉམ་སྐྲུན་གྱི་བྱེད་སྒོ་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པ་དང“ཏང་གི་འོད་སྟོང་མཐའ་མཚམས་ཡུལ་ལ་འཕྲོ། མཐའ་མཚམས་མི་དམངས་སེམས་པ་ཏང་ལ་ཕྱོགས”ཞེས་པ་སོགས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཐེངས་40ལྷག་ཙམ་སྤེལ་ནས་ཏང་སྲིད་དམག་ཉེན་དམངས་ཀྱི་འབྲེལ་བ་མཉམ་འདྲེས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་སྟེ་མཐའ་སྲུང་མཐའ་བརྟན་དང་མཐུན་སྒྲིལ་འབད་འཐབ་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།