འཚོལ་བཤེར།   
藏文频道
2026ལོའི་ཟླ་11ཚེས་6ཉིན།

༄༅།།ཟླ་དང་པོ་ནས་དགུ་པའི་བར་རང་རྒྱལ་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་དུས་མཚུངས་ལས་8.5%འཕར་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 11ཚེས་06ཉིན། 15:55】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ད་ལོའི་ཟླ་དང་པོ་ནས་དགུ་པའི་བར། རང་རྒྱལ་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་57687.7ཟིན་ཏེ་དུས་མཚུངས་ལས་8.5%འཕར་ཡོད། དེའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་22714ཟིན་ནས་14.8%འཕར་ཡོད་པ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་34973.7ཟིན་ནས་4.8%འཕར་ཡོད་པ་རེད།

སྐྱེལ་འདྲེན་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་གྱི་འཕར་ཚད་ཨང་དང་པོར་སླེབས་ཡོད་ཅིང་། ཟླ་དང་པོ་ནས་དགུ་པའི་བར་སྐྱེལ་འདྲེན་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་12817.2ཟིན་ནས་33.9%འཕར་ཏེ། འཕར་ཚད་ཁྱབ་ཁོངས་ཁག་གི་ཨང་དང་པོར་སླེབས་ནས་གཞི་ཁྱོན་ཡུལ་སྐོར་ཞབས་ཞུ་དང་དེ་མིན་གྱི་ཚོང་ལས་ཞབས་ཞུ་གཞན་དག་ལས་དམའ་ཙམ་ལས་མེད། དེའི་ནང་སྐྱེལ་འདྲེན་ཞབས་ཞུ་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་4823.2ཟིན་ནས་29.4%འཕར་བ་དང་། སྐྱེལ་འདྲེན་ཞབས་ཞུ་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་7994ཟིན་ནས་36.8%འཕར་ཡོད་པ་རེད།