གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 11ཚེས་06ཉིན། 10:20】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

མིག་སྔ་ནི་སི་ཁྲོན་དཀར་མཛེས་ཀྱི་ཚོན་མདངས་རྣམ་པར་བཀྲ་བའི་ནགས་ཚལ་ལ་ལྟ་བའི་དུས་ཚིགས་ཡག་ཤོས་ཡིན་ཞིང་། སི་ཁྲོན་ནུབ་རྒྱུད་ས་མཐོའི་རྟའུ་རྫོང་དང་། བྲག་འགོ་རྫོང་། དཀར་མཛེས་རྫོང་། དཔལ་ཡུལ་རྫོང་སོགས་ཀྱི་ཡུལ་ལྗོངས་ལྟ་ན་སྡུག་ལ་ནགས་ཚལ་ཁྲོད་དུ་བོད་གྲོང་ཐར་ཐོར་དུ་གནས་ཡོད། ཤང་གྲོང་གི་རྣམ་པར་བཀྲ་བའི་མཛེས་ལྗོངས་ཀྱིས་སི་ཁྲོན་ནུབ་རྒྱུད་ས་མཐོ་གསེར་མདོག་གིས་རབ་ཏུ་བརྒྱན་པས་པར་ལེན་ལ་དགའ་པོ་ཡོད་མཁན་དང་ཡུལ་སྐོར་བ་མི་ཉུང་བ་དེ་གར་མཛེས་ལྗོངས་ལ་ལྟ་བར་ཡོང་རྒྱུའི་ཡིད་དབང་བཀུག་པ་དང་གངས་ལྗོངས་ས་མཐོའི་ཐུན་མིན་གྱི་སྟོན་ལྗོངས་མྱོང་རོལ་བྱེད་ཀྱི་ཡོད།

པར་འདི་གཉིས་ནི་ཉེ་ཆར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་རྟའུ་རྫོང་ཁོངས་ཀྱི་གྲོང་སྡེ་མང་པོ་་ཚོན་མདོག་སྣ་ལྔའི་ལྗོན་ཤིང་གིས་བརྒྱན་ནས་རི་མོ་ལྟར་མཛེས་པའི་རྣམ་པ་ཡིན་པ།