འཚོལ་བཤེར།   
藏文频道
2026ལོའི་ཟླ་10ཚེས་23ཉིན།

༄༅།།མཚོ་སྔོན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་གཅིག་སྡུད་སྒྲོག་འགྲེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 10ཚེས་23ཉིན། 13:56】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་རིང་། ཞིང་ཆེན་ཡོངས་སུ་ཁྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ཀྱི་ཆེད་དོན་སྒྲོག་འགྲེལ་མཚོ་སྔོན་དུ་ཡོངས་སུ་བྱེད་འགོ་ཚུགས་པ་རེད། མཚོ་སྔོན་ཞིང་ཨུད་ཀྱིས་ཆེད་དོན་སྒྲོག་འགྲེལ་ཚོགས་པ་བཙུགས་ཏེ་ཟླ་9པའི་ཟླ་འགོ་ནས་བཟུང་སྒྲོག་འགྲེལ་བྱེད་འགོ་ཚུགས་པ་དང་། རིམ་རྩིས་བརྒྱབ་ན་གཅིག་སྡུད་སྒྲོག་འགྲེལ་ཐེངས་130ལྷག་ཙམ་བྱས་ཤིང་། སྒྲོག་འགྲེལ་དེ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཀྲོའུ་8དང་། རྫོང་དང་གྲོང་ཁྱེར་དང་ཆུས། ཤང་དང་གྲོང་རྡལ། གཙོ་གནད་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ཁག་གཅིག་དང་། དེ་བཞིན་ཞིང་ཨུད་པུའུ་ཨུད་དང་། ཞིང་ཆེན་ཐད་གཏོགས་ཚན་པ། ཞིང་ཆེན་ཁོངས་གཏོགས་མཐོ་སློབ། གཞུང་ཁོངས་ཁེ་ལས་བཅས་ཡོངས་ལ་ཁྱབ་པ་རེད།

     མཚོ་སྔོན་ཞིང་ཨུད་ཀྱི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཀྲོའུ་གཅིག་དང་། རྫོང་གཅིག ཤང་གྲོང་གཅིག གཙོ་གནད་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གཅིག་བཅས་ལ་གཞིགས་ནས་སྒྲོག་འགྲེལ་བྱས་ཤིང་། གྲོང་ཁྱེར་དང་ཀྲོའུ་ཁག་གིས་ཁོངས་གཏོགས་ཁུལ་གྱི་རྫོང་དང་ཆུས་དང་ཤང་གྲོང་ཁག་དང་དེ་བཞིན་རིགས་ཁག་གི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་སྒྲོག་འགྲེལ་ལས་དོན་དོན་ཐོག་ཏུ་འཁྱོལ་བའི་འགན་ཁུར་ནས་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཡོད། ཚོགས་རིགས་དབྱེ་བ་དང་གནད་སྨིན་སྒྲོག་འགྲེལ་བྱེད་སྟངས་གསར་གཏོད་ཀྱིས་ལས་ཁུངས་དང་། ཁེ་ལས། གྲོང་གསེབ། སྡེ་ཁུལ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སོགས་སུ་བསྐྱོད་ནས་ལས་ཁུངས་ཀྱི་ལས་བྱེད་པ་དང་། ཆོས་ལུགས་ལས་རིགས་མི་སྣ། གཞོན་ནུ་ལོ་ཆུང་སོགས་ཚོགས་སྤྱི་མི་འདྲ་བར་དམིགས་ཏེ། དགོས་མཁོ་ལྟར་སྒྲོག་འགྲེལ་གྱི་གཙོ་གནད་ཤེས་བྱ་ལེགས་སྒྲིག་དང་། སྐད་གཉིས་དང་མང་ཚོགས་ཚོས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་དཔེ་མཚོན་བརྗོད་པ། གྱོད་དཔེ་དྲངས་ནས་ཁྲིམས་ཤོད་པ་དང་། ས་ཡུལ་དངོས་སུ་དོགས་གཞིར་ལན་འདེབས་པ། བཅའ་ཁྲིམས་ཁྱབ་གདལ་དཔྱད་ཡིག་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད། བཅའ་ཁྲིམས་ཀྱི་དོན་ཚན་ལ་འགྲེལ་བཤད་བརྒྱབ་སྟེ། ཁྲིམས་སྐྱོང་གི་དགོངས་དོན་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད་པ་རེད།