འཚོལ་བཤེར།   
藏文频道
2026ལོའི་ཟླ་10ཚེས་23ཉིན།

༄༅།།མཚོ་བོད་ས་མཐོའི་ཁུལ་གྱི་བྲང་གཟེར་ཚོགས་ཆེན་སྐབས་དྲུག་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 10ཚེས་23ཉིན། 13:54】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་10ཚེས་17ཉིན་མཚོ་བོད་ས་མཐོའི་ཁུལ་གྱི་བྲང་གཟེར་ཚོགས་ཆེན་སྐབས་དྲུག་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་རིམ་ཁག་སྨན་བཅོས་ལས་ཁུངས་ཀྱི་བྲང་གཟེར་ལྟེ་གནས་ཀྱི་དོ་དམ་པ་དང་། སྙིང་ཁམས་ཁྲག་རྩའི་ཁོག་ནད་ཚན་ཁག དོས་དྲག་ཚན་ཁག་གི་ལས་སྒོའི་རྐང་འཛིན་པ། སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་ཁག་གི་ཚན་པ། སྡེ་ཁུལ་དང་དེ་བཞིན་ཤང་གྲོང་འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣ་བཅས་300ལྷག་ཙམ་ཞུགས་ཡོད་པ་རེད།

     ཚོགས་ཆེན་ཐོག་ས་མཐོའི་སྙིང་ཁམས་ཁྲག་རྩའི་ནད་ཡམས་འགོག་བཅོས་ལས་དོན་གྱི་དོན་དངོས་ལ་གཞི་ཚུགས་པ་དང་བྲང་གཟེར་སྐྱོབ་བཅོས་ཚན་པ་འཛུགས་སྐྱོང་ལ་གཙོ་གནད་ཐོག་དམིགས་ནས། བྲང་གཟེར་སྐྱོབ་བཅོས་ཀྱི“མཐའ་མའི་འགག་གནད”ནུས་ཤུགས་ཡོད་རྒུས་སེལ་བ་དང་འབྲེལ། མཚོ་བོད་ས་མཐོའི་སྙིང་ཁམས་ཁྲག་རྩའི་ཁྱབ་ཁོངས་ཀྱི་ཆུ་ཚད་མཐོ་བའི་རིག་གཞུང་སྤེལ་རེས་ལས་སྟེགས་བཟང་པོ་ཞིག་བཏོད་ཡོད། མཚོ་སྔོན་ཞིང་ཆེན་གྱི་ཕྱི་ནང་རིགས་གཅིག་མཁས་ཅན་གྱིས་གཙོ་གནད་ཞིབ་འཇུག་བྱ་གཞིར་དམིགས་ནས་ཆེད་དོན་འཆད་ཁྲིད་རབ་དང་རིམ་པ་བྱས་ཏེ། རིག་གཞུང་གསར་ཤོས་ཀྱི་འདུ་ཤེས་དང་། ནད་བརྟག་སྨན་བཅོས་ཀྱི་ཚད་གཞི་གསར་ཤོས། ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་བཅས་བརྒྱུད་རིམ་ལྡན་པའི་ངང་མཉམ་སྤྱོད་བྱས་ནས། ས་མཐོའི་ཐག་རིང་ལུང་ཁུག་དང་། བརྒྱུད་སྐྱེལ་བར་ཐག་རིང་བ། མྱུར་སྐྱོབ་ཁག་པ་སོགས་ཀྱི་དཀའ་གནད་སེལ་བར་བསམ་ཕྱོགས་གསར་པ་དང་། ཐབས་ལམ་གསར་པ། ཇུས་གཞི་གསར་པ་བཅས་མཁོ་འདོན་བྱས་ཡོད།

     ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱི་ས་བབ་མཐོ་བའི་ཁོར་ཡུག་ལས་སྙིང་ཁམས་ཁྲག་རྩའི་ནད་པ་མྱུར་སྐྱོབ་བྱེད་པར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པས། བྲང་གཟེར་སྐྱོབ་བཅོས་དྲ་རྒྱ་བསྐྲུན་རྒྱུ་ནི་ས་མཐོའི་མང་ཚོགས་ཀྱི་བདེ་ཐང་སྲུང་བའི་འགག་རྩ་ཞིག་རེད། ལོ་མང་འཛུགས་སྐྲུན་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་དུ“སྨན་ཁང་ལ་མ་སླེབས་གོང་གི་མྱུར་སྐྱོབ་དང་། སྨན་ཁང་ལ་སླེབས་རྗེས་ཀྱི་སྨན་བཅོས། ས་ཁོངས་མཐུན་སྦྱོར”བཅས་ཀྱི་བྲང་གཟེར་སྐྱོབ་བཅོས་མ་ལག་ཅིག་ཆགས་ཡོད། “ད་ཐེངས་ཀྱི་ཚོགས་ཆེན་ལ་རྒྱལ་ནང་གི་སྙིང་ཁམས་ཁྲག་རྩའི་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་མཉམ་དུ་འཛོམས་ཡོད་པས། གོ་སྐབས་དེ་དང་བསྟུན་ནས་ས་ཁོངས་སྒྲོལ་བའི་རིག་གཞུང་སྤེལ་རེས་གཏིང་ཟབ་བྱས་ཏེ་ལག་རྩལ་གསར་ཤོས་གཞི་རིམ་དུ་དོན་འཁྱོལ་ཐུབ་རྒྱུའི་རེ་བ་ཡོད། སྨན་ཁང་གིས་ཀྱང་ཚོགས་ཆེན་འདི་གོ་སྐབས་སུ་བྱས་ཏེ་ས་མཐོའི་བྲང་གཟེར་སྐྱོབ་བཅོས་ཀྱི་དྲ་རྒྱ་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ཀྱི་སྙིང་ཁམས་ཁྲག་རྩའི་བདེ་ཐང་གི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་གི་ཡིན”ཞེས་མཚོ་སྔོན་རྒྱ་གྲམ་དམར་རྟགས་སྨན་ཁང་གི་ཡོན་ཀྲང་ལི་ཤིན་ཀྲང་གིས་བཤད།