འཚོལ་བཤེར།   
藏文频道
2026ལོའི་ཟླ་10ཚེས་21ཉིན།

༄༅།།ཀྲུང་གོ་དང་པེར་ཀྲེམ་གྱི་ཚོང་ལས་གླེང་མོལ་ཚོགས་འདུ་སྐབས་གཉིས་པའི་ཐོག་གྲངས་
འཛིན་མཉམ་སྦྲེལ་དང་ལྗང་མདོག་གསར་གཏོད་སྐོར་གླེང་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 10ཚེས་21ཉིན། 10:01】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་པུ་རུ་སེར་ནས་ཟླ་10ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་དང་པེར་ཀྲེམ་གྱི་ཚོང་ལས་གླེང་མོལ་ཚོགས་འདུ་སྐབས་གཉིས་པ་པེར་ཀྲེམ་གྱི་རྒྱལ་ས་པུ་རུ་སེར་དུ་འཚོགས་ཤིང་། ཀྲུང་གོ་དང་པེར་ཀྲེམ་གྱི་སྲིད་གཞུང་སྡེ་ཚན་དང་། ཚོང་ལས་མཐུན་ཚོགས། དངུལ་རྩའི་སྒྲིག་གཞི། དེ་བཞིན་ཁེ་ལས་ལས་རིགས་བཅས་ཀྱི་འཐུས་མི་120ལྷག་ཙམ་གྱིས་གྲངས་འཛིན་མཉམ་སྦྲེལ་དང་། མཁོ་སྤྲོད་འཁོར་འབྲེལ་གྱི་མཉམ་ལས། ལྗང་མདོག་གསར་གཏོད། ཁེ་ལས་རང་ཡུལ་ཅན་འཕེལ་རྒྱས་སོགས་ཀྱི་གྲོས་དོན་ལ་དམིགས་ཏེ་སྤེལ་རེས་བྱས་ནས། ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་གོ་སྐབས་གསར་པའི་སྐོར་ལ་བགྲོ་གླེང་བྱས་པ་རེད།

    སྐབས་འདིའི་གླེང་མོལ་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“ལོ་ངོ་ང་ལྔར་ལག་གདང་སྦྲེལ་ཏེ་སྐྱོད། ཀྲུང་པེར་འབྱུང་འགྱུར་མཉམ་དུ་གཏོད”ཅེས་པ་ཡིན་པ་དང་། པེར་ཀྲེམ་ལུའུ་སེན་པའོ་ཡི་ཀྲུང་གོའི་ཚོང་ཚོགས་ཀྱིས་གཙོ་གཉེར་བྱས་པ་རེད།