གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 10ཚེས་16ཉིན། 10:26】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་12ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་བརྒྱད་པར། རྒྱལ་ཡོངས་ཀྱི་ཉོ་ཚོང་ལག་ཁྱེར་ལྗང་ཁུ་ཁྲི་6055ཟིན་པ་དེ་ཟླ་གོང་མ་ལས་11.13%འཕར་བ་དང་དུས་མཚུངས་ལས་25.18%འཕར་ཡོད། དེའི་ནང་ལྗང་མདོག་གློག་ཤུགས་ཉོ་ཚོང་གི་ལག་ཁྱེར་ལྗང་ཁུ་ཁྲི་2552ཟིན་པ་དེ་ཟླ་གོང་མ་ལས་0.25%ཆག་པ་དང་དུས་མཚུངས་ལས་44.86%འཕར་ཡོད། ལག་ཁྱེར་ལྗང་ཁུ་དཔྱད་སྤྲོད་ཐད་ཟླ་བརྒྱད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་ལག་ཁྱེར་ལྗང་ཁུ་དུང་ཕྱུར་3.54དཔྱད་སྤྲོད་བྱས་པ་དེ་ཟླ་གོང་མ་ལས་15.75%འཕར་ནས་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་གློག་གཏོང་རྣམ་གྲངས་ཁྲི་370.96དང་འབྲེལ་བ་ཡོད་པ་རེད།