ཁྲང་ཅིན།
གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 09ཚེས་19ཉིན། 14:34】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “རིག་ནུས་ཅན་དང་། ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་སྔོན་ཐོན་བཟོ་སྐྲུན་ལས་རིགས་རྒྱུན་མཐུད་ངང་རྒྱ་སྟོབས་ཆེ་རུ་གཏོང་དགོས”ཞེས་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས“དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དང་སྟོབས་ཆེར་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས”ཞེས་ནན་བཤད་ཀྱང་གནང་ཡོད།
ཆུང་ས་ནས་རྒྱལ་ཁབ་ཆེན་པོའི་བཟོ་སྐྲུན་གྱི་རང་མདངས་མངོན་ཐུབ་ཅིང་། ཕྱི་རྒྱལ་གྱི་སྨྱན་སྦྱོར་པས་ཀྲུང་གོའི་འཕྲུལ་མི་བཤིག་སྐབས་གཅུས་གཟེར་ཙམ་ཡང“ཧ་ཅང་སྒྲིམ་བདེ་བ”དང་འགག་རྩའི་ལྷུ་ལག་སྣ་ཚོགས་ལས་ལག་རྩལ་གྱི་ཆུ་ཚད་གང་ལེགས་མངོན་ཐུབ་ཅེས་ཚོར་སྣང་ཟབ་མོས་བརྗོད། དུས་རབས་གསར་པ་ཤར་ཚུན། རང་རྒྱལ་གྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་གསར་གཏོད་ནུས་པ་དང་། འགྲན་རྩོད་ནུས་པ། ཕྱོགས་བསྡུས་སྟོབས་ཤུགས་བཅས་མངོན་གསལ་དོད་པོས་ཆེ་རུ་སོང་ཞིང་། ཆེ་ས་མེ་ཤུགས་འཕུར་མདའ་དང་གནམ་ཐང་གྲུ་གཟིངས་ནས་ཆུང་ས་གཅུས་གཟེར་དང་མོ་གཅུས་བར་དུ་བཟོ་མི་ཐུབ་པ་ཇེ་ཉུང་ནས་ཇེ་ཉུང་དང་བཟོ་ཐུབ་པ་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་བཞིན་ཡོད།
སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་རྐང་འཛིན་དུ་བྱས་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་འཛུགས་པར། ཐོན་ལས་མ་ལག་སྤྱི་ཡོངས་ཡར་རྒྱས་འགྲོ་བར་ཤུགས་སྣོན་རྒྱག་དགོས། ཀོང་ཏུང་ཧྲེན་ཀྲེན་གྱི་འཕྲུལ་མི་བཟོ་སའི་ཆུ་ཚོད་ཕྱེད་ཀའི་ཆ་འགྲིག་ཁུལ་ནས་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་གློག་རྡུལ་ཆ་འཕྲིན་གྱི་ཆུ་ཚོད་གཅིག་གི་གསར་གཏོད་ཁུལ་བར་དང་། དེ་ནས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི“ཆུ་ཚོད་གཅིག་གི་རླངས་འཁོར་ལྷུ་ལག་ཆ་འགྲིག་ཁུལ་བར”སོགས། ནུས་ཆེ་མཐུན་སྦྱོར་གྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱིས་གསར་གཏོད་དང་གསར་སྐྲུན་དོན་འཁྱོལ་མགྱོགས་མྱུར་ལ་སྐུལ་འདེད་བཏང་ཞིང་། ཐོན་སྐྱེད་ནུས་ཤུགས་གསར་མ་གཅིག་རྗེས་གཉིས་མཐུད་ངང་ཐོན་པ་དེས་ཀྲུང་གོའི་བཟོ་སྐྲུན་གྱི་རྩ་བ་དེ་བས་གཏིང་ཟབ་ཚུགས་ངེས་རེད།
ལོ་འདི་དག་རིང་རང་རྒྱལ་གྱི་དཔལ་འབྱོར་ཐད་རླུང་བརྟེན་རླབས་གཤགས་དང་མཉེན་ཆ་དང་གསོན་ཤུགས་ཆེན་པོ་རྒྱུན་འཁྱོངས་ཐུབ་པའི་འཐབ་ཇུས་ཀྱི་རྒྱབ་རྟེན་ནི་འཐུས་སྒོ་ཚང་བའི་ཐོན་ལས་མ་ལག་རེད། དེང་སྐབས་དུས་བབ་ཇི་ཙམ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་ན། དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་དེ་ཙམ་གྱིས་བརྟན་སྲུང་བྱེད་དགོས། ཚན་རྩལ་གསར་གཏོད་སྣེ་ཁྲིད་དུ་བྱས་ནས་རྒྱུན་མཐུད་ཤུགས་རྒྱག་པ་དང་སྙིང་རུས་གཏན་འཁྱོངས་བྱས་ན། ཀྲུང་གོའི་བཟོ་སྐྲུན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་བརྟན་པོ་ཐུབ་ངེས་རེད།