འཚོལ་བཤེར།   
藏文频道
2026ལོའི་ཟླ་9ཚེས་8ཉིན།

༄༅།།ཟླ་8པར་ཟོག་འགྲུལ་ལས་རིགས་དར་བའི་སྟོན་གྲངས་50.9%ཟིན་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 09ཚེས་08ཉིན། 10:10】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་ཟོག་འགྲུལ་དང་ཉོ་སྒྲུབ་མཉམ་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་8པར་ཀྲུང་གོའི་ཟོག་འགྲུལ་ལས་རིགས་དར་བའི་སྟོན་གྲངས་50.9%ཟིན་པ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.5འཕར་བ་དང་། ཟོག་འགྲུལ་གྱི་དགོས་མཁོ་རྒྱ་ཆེར་འགྲོ་སྟངས་རྒྱུན་འཁྱོངས་ཐུབ་པ། དར་བའི་སྟོན་གྲངས་རྒྱ་སྐྱེད་བར་མཐོངས་ནང་མུ་མཐུད་འཕར་བ་བཅས་ཀྱི་ཁྲོད་ལས་སྒོའི་བསྡོམས་འབོར་དང་། མངགས་ཐོ་གསར་པ། ལས་ཞུགས་མི་སྣ་བཅས་ཀྱི་སྟོན་གྲངས་གསུམ་བསྟུད་མར་རྒྱ་སྐྱེད་བར་མཚམས་སུ་གནས་ཡོད།

ས་ཁུལ་དབྱེ་ནས་བལྟས་ཚེ། ལས་སྒོའི་བསྡོམས་འབོར་གྱི་སྟོན་གྲངས་བལྟོས་བཅས་ཀྱིས་དོ་སྙོམས་བྱུང་ཞིང་། ཤར་རྒྱུད་ས་ཁུལ་དང་། དབུས་རྒྱུད་ས་ཁུལ། ནུབ་རྒྱུད་ས་ཁུལ་བཅས་ཀྱི་ལས་སྒོའི་བསྡོམས་འབོར་གྱི་སྟོན་གྲངས་50.3%དང་། 50.7% 51.3%བཅས་སོ་སོར་ཟིན་ཏེ་ཟླ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.4དང་། 0.6 0.5བཅས་སོ་སོར་འཕར་བ་དེ་ཐོག་ནས་དངོས་ཚན་དཔལ་འབྱོར་གྱི་ཟོག་འགྲུལ་བྱེད་སྒོའི་ས་ཁོངས་ཀྱི་མཉམ་འགུལ་རང་བཞིན་ཆེ་རུ་ཕྱིན་པ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་གོང་འོག་མཐུན་སྦྱོར་རང་བཞིན་ཆེ་རུ་ཕྱིན་པ་མཚོན་ཡོད།