འཚོལ་བཤེར།   
藏文频道
2026ལོའི་ཟླ་9ཚེས་7ཉིན།

༄༅།།རང་རྒྱལ་གྱི་འབྲུ་རིགས་ཁེ་ལས་ཀྱི་ལོའི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་4ལྷག་ཙམ་ཟིན་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 09ཚེས་07ཉིན། 10:30】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་ཁང་དུ་ཁྲང་ཧྲ་ནས་ཟླ་9ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་གྱིས་སྤེལ་བའི་ཀྲུང་གོའི་འབྲུ་རིགས་ཚོང་འདུས་ཆེ་མོ་སྐབས་བརྒྱད་པའི་ཐོག་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་འབྲུ་རིགས་ཁེ་ལས་ཀྱི་ལོའི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་4ལྷག་ཙམ་ཟིན་ཡོད་པ་རེད།

མིག་སྔར་རྒྱལ་ཡོངས་སུ་འབྲུ་རིགས་ཁེ་ལས་ཁྲི་2.4ཟིན་པ་དང་། ལོར་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་4ལྷག་ཙམ་ཟིན་ནས། ཞིང་ཆེན་གསུམ་ཆ་གཅིག་ཡན་གྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་སྟོང་ལས་བརྒལ་ཡོད། འབྲུ་རིགས་ལས་སྣོན་འཁོར་འབྲེལ་རྒྱུན་ཆད་མེད་པར་སྣུར་སྲིང་བྱས་ནས་གྲོའི་ཐོན་རྫས་སྣ་ཁ་600ལྷག་ཙམ་ལས་སྣོན་ཞིབ་ཚགས་ཐུབ་པ་དང་། སྲན་ཆེན་གྱི་ཐོན་རྫས་སྣ་ཁ་210ལྷག་ཙམ་བཟོ་ཐུབ་པ། མ་རྨོས་ལོ་ཏོག་གི་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་སྣ་ཁ་100ལྷག་ཙམ་བཟོ་་ཐུབ་པ་བཅས་རེད། འབྲུ་རིགས་སྤུས་རྟགས་མ་ལག་མགྱོགས་མྱུར་སྐྱེད་སྲིང་བྱས་ནས་ཞིང་ཆེན་རིམ་པའི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་33དང་། གྲོང་ཁྱེར་དང་རྫོང་རིམ་པའི་འབྲུ་རིཌ་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་117ཐོན་ནས་སྤུས་ལེགས་ཁེ་ལས་ཀྱི་སྤུས་རྟགས་1313དང་སྤུས་ལེགས་འབྲུ་སྣུམ་ཐོན་རྫས་ཀྱི་སྤུས་རྟགས་4211འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ཡོད།