ཀྲུང་གོ་ཨན་ནེང་སྐྱིད་གྲོང་མྱུར་སྐྱོབ་འཚོལ་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་ཧུའུ་པོ།
འདི་ག་ཚགས་པར་གྱི་གསར་འགོད་པ། ཧྲི་ཕེང་ཧྥེ། མི་དམངས་དྲ་བའི་གསར་འགོད་པ། ལི་ཧའེ་ཞ།
གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 09ཚེས་06ཉིན། 09:33】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ས་རུབ་པ་དང་སྦྲགས་རི་གྲོང་གི་སྨུག་སྤྲིན་གསེབ་ནས་གློག་སྒྲོན་གྱི་འོད་མདངས་འཕྲོས། འཕྲུལ་ཆས་ཆེ་གྲས་ཀྱིས་དྲག་ཏུ་རྒྱུག་པའི་གཙང་པོའི་ནང་བྲག་རྡོ་རྒྱོང་བཞིན་ཡོད་པ་དང་། འཕྲུལ་འཁོར་གྱི་ལྡིར་སྒྲ་ནི་ཆུ་རྒྱུག་པའི་སྒྲ་དང་འགྲན་པ་ལྟར་སྣང་། ཀྲུང་གོ་ཨན་ནེང་སྐྱིད་གྲོང་མྱུར་སྐྱོབ་འཚོལ་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་ཧུའུ་པོ་ཡིས་མྱུར་བཟོ་བྱེད་སའི་ལམ་གཞིའི་འགྲམ་དུ་ལངས་ནས་ལག་ནང་གི་ལྟ་ཞིབ་ཚད་ལེན་གྱི་བརྙན་ཤེལ་ལ་ལྡིར་ནས་བསྡད་ཡོད།
སྨུག་པ་འཐིབས་མ་ཐག་མཐོང་ཚད་དམའ་རུ་ཤུགས་ཆེན་ཕྱིན་ནས་མིག་མདུན་དུ་འཕྲུལ་ཆས་ཀྱི་ཟུར་ཙམ་ལས་མཐོང་གི་མེད། ཧུའུ་པོ་ཡི་ལས་འགན་ནི་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་ལྡིར་ནས་ལམ་མྱུར་བཟོ་བྱེད་མཁན་མི་སྣའི་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་རེད།
ཉིན་ཁ་ཤས་སྔོན་ལ་ཆེད་ལས་རོགས་སྐྱོབ་སྟོབས་ཤུགས་ཀྱིས་རྒྱལ་ལམ་216གི་གཏོར་སྐྱོན་ཕོག་པའི་ལམ་དུམ་མགྱོགས་མྱུར་མྱུར་བཟོ་བྱས་ཡོད། ཧུའུ་པོ་ནི་ཁོང་ཚོའི་སོ་དམག་ཡིན་པས་གནས་ཚུལ་ཕྲན་ཙམ་བྱུང་ནའང་དུས་ཐོག་ཏུ་སྔོན་བརྡ་གཏོང་གི་ཡོད།
ཐེངས་ཤིག་སྟོད་རྒྱུད་ཀྱི་རྩད་ཞིབ་གྲངས་གཞིར་འགྱུར་བ་བྱུང་བ་དང་། ཧུའུ་པོ་ཡིས་ལམ་སེང་རྒྱབ་ཕྱོགས་དང་འབྲེལ་བ་བྱས་ནས་གྲངས་གཞིར་གང་མགྱོགས་ཞིབ་དཔྱད་བྱས་ཏེ་ཕྱིར་འཐེན་གྱི་བརྡ་འཕྲལ་མར་བཏང་། གྲོག་རོང་དུ་ཤུ་སྒྲ་གྲགས་མ་ཐག་མི་དང་འཕྲུལ་ཆས་ཚང་མ་ཉེན་གཡོལ་ས་ཚིགས་སུ་ཕྱིར་འཐེན་བྱས། གྲངས་གཞི་བརྟན་དུ་ཕྱིན་རྗེས། ཁོང་གིས་སླར་ཡང་རོགས་སྐྱོབ་སྟོབས་ཤུགས་ལ“རང་གནས”སུ་ལོག་ཆོག་པའི་བརྡ་བཏང་། གནས་ཚུལ་དེ་འདྲ་མཚན་གཅིག་ལ་ཐེངས་མང་ཐོན་གྱི་ཡོད།
གཏོར་སྐྱོན་ཕོག་པའི་འགྲོ་ལམ་ཚང་མ་མྱུར་བཟོ་བྱས་ཟིན་རྗེས། མུ་མཐུད་མདུན་ཕྱོགས་སུ་བསྐྱོད་ནས་ལས་དོན་སྤེལ་བ་དང་། ཧུའུ་པོ་ཡང་སྒྲིག་ཆས་དང་མཉམ་དུ་མདུན་ཕྱོགས་སུ་བསྐྱོད་ནས་ཁོར་ཡུག་གསར་པའི་ལྟ་ཞིབ་ཚད་ལེན་ལས་དོན་ནང་ཞུགས།