འཚོལ་བཤེར།   
藏文频道
2026ལོའི་ཟླ་9ཚེས་5ཉིན།

༄༅།།《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》
(ཨ་རབ་སྐད་ཀྱི་དཔར་མ)ཨེ་ཅིབ་ཀྱི་གཙོ་རྒྱུན་སྨྱན་སྦྱོར་ཐོག་བསྟན་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 09ཚེས་05ཉིན། 13:05】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁེ་རོ་ནས་ཟླ་9ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་བཟོས་པའི《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》(ཨ་རབ་སྐད་ཀྱི་དཔར་མ)སྟོན་འགོ་ཚུགས་པའི་བྱེད་སྒོ་ཟླ་9ཚེས་1ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོར་སྤེལ་བ་དང་། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་ཀྱིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་རྟེན་འབྲེལ་ཞུས་པ་རེད།

     《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》(ཨ་རབ་སྐད་ཀྱི་དཔར་མ)ནང་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། གསུང་རྩོམ། བཀའ་མོལ་ནང་དྲངས་པའི་ཀྲུང་གོའི་གནའ་དཔེ་དང་གསུང་རབ་ཀྱི་ཚིག་གྲུབ་གྲགས་ཅན་ལེགས་འདེམས་བྱས་པ་དེ་དག་དཔལ་འབྱོར་འཕེལ་རྒྱས་དང་། ཚན་རྩལ་གསར་གཏོད། སྐྱེ་ཁམས་ཤེས་དཔལ། སྤྱི་ཚོགས་ཀྱི་དམངས་འཚོ་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྱད་དུ་འཕགས་པའི་རིག་གནས་ཀྱི་མཁྱེན་རྒྱ་དང་མི་དམངས་གོང་དུ་བཀུར་བའི་བླ་ན་མེད་པའི་བརྩེ་སེམས་ཟབ་མོ་མངོན་པ་མ་ཟད། ཀྲུང་ཧྭའི་ཤེས་དཔལ་གྱི་ཐུན་མིན་གྱི་བསམ་པའི་མཚོན་རྟགས་དང་། དུས་རབས་གསར་པའི་སྙིང་དོན། གོ་ལ་ཅན་གྱི་རིན་ཐང་བཅས་སྙིང་བསྡུས་དང་རྒྱས་བཤད་བྱས་ཡོད།

    དེ་ཉིན་ནས་བཟུང་ལེ་ཚན་དེ་ཨེ་ཅིབ་ཀྱི་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་སོགས་ཨེ་ཅིབ་ཀྱི་གཙོ་རྒྱུན་སྨྱན་སྦྱོར་དང་དེ་བཞིན་ཨ་ཧྥེ་རི་ཁའི་རླུང་འཕྲིན་མནའ་འབྲེལ་སོགས་ཨ་ཧྥེ་རི་ཁའི་གཙོ་རྒྱུན་སྨྱན་སྦྱོར་ཐོག་སྟོན་རྒྱུ་རེད།