འཚོལ་བཤེར།   
藏文频道
2026ལོའི་ཟླ་9ཚེས་4ཉིན།

༄༅།།མདུན་སྐྱོད་ཀྲུང་གོ བྱང་སྣེའི་གྲོང་ཚོའི“བསིལ་འཇམ་གྱི་གུང་གསེང་།”

 མི་དམངས་དྲ་བའི“མདུན་སྐྱོད་ཀྲུང་གོ”ཧེ་ལུང་ཅང་བརྟག་ཞིབ་བཅར་འདྲི་ཚོགས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 09ཚེས་04ཉིན། 14:48】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     “3, 2, 1, ང་ཚོས་བྱང་ཕྱོགས་རྙེད་སོང་”ཞེས་དབྱར་མཇུག་དང་སྟོན་འགོར། བྱང་སྣེ་གྲོང་ཚོའི་སྐར་བདུན་ཐང་ཆེན་དུ་མི་ཚོགས་ཀྱིས་ཁེངས་ཤིང་། ཡུལ་སྐོར་བ་ཚོས་མེ་ཕུང་མདུན་དུ་འཛོམས་ནས་མདོ་འཛིན་པ་དང་མཉམ་དུ་གཡོ་འགུལ་བྱེད་པ་དང་དགའ་སྤྲོའི་དགོད་སྒྲས་དགོང་མོའི་རླུང་བུ་དང་བསྟུན་ནས་ཧེ་ལུང་ཅང་གཙང་པོར་ཁེངས།

     ཧེ་ལུང་ཅང་ཞིང་ཆེན་ཏ་ཤིང་ཨན་ལིང་ས་ཁུལ་མོ་ཧོ་གྲོང་ཁྱེར་དུ་གནས་པའི་གྲོང་ཚོ་ཆུང་ཆུང་དེར་འོད་སྣང་དང་། གངས་འཁྱགས་པ། ནགས་ཚལ་སོགས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལ་བརྟེན་ནས་རྒྱ་ཆེའི་ཡུལ་སྐོར་བས་རྒྱུས་མངའ་ཡོད། འདི་ལོའི་དབྱར་ཁའི་གུང་གསེང་རིང་། བྱང་སྣེའི་གྲོང་ཚོར་ཕུན་སུམ་ཚོགས་པའི་ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་དང་། དྭངས་ཤིང་བསིལ་པའི་གནམ་གཤིས་ལ་བརྟེན་ནས་ཡུལ་སྐོར་བ་དེ་བས་མང་བ་ཚ་གཡོལ་དང་དབྱར་ཁའི་གུང་གསེང་ལ་ཡོང་མཁན་མང་པོ་བྱུང་ཡོད།

 

     བྱང་སྣེའི་གྲོང་ཚོར་སྐྱོད་སྐབས། ཡུལ་སྐོར་བ་ཚོས་སྐབས་འགར་གཙང་འགྲམ་དུ་འཆམ་འཆམ་བྱེད་པ་དང་སྐབས་འགར་གོམ་པ་སྤོ་མཚམས་བཞག་ནས“ཧྲེན་ཀྲོའུ་བྱང་སྣེའི”རྡོ་རིང་དང་། ཆེས་བྱང་གི་བརྗོད་དོན་གཙོ་བོའི་སྦྲག་སྲིད་ཅུས། “གསེར་གྱི་བྱ་དེའི་མགོ་བོ”སོགས་ཀྱི་བྱང་བུ་བརྒྱབ་ནས་དྲན་རྟེན་པར་རྒྱག་གི་ཡོད་པ་རེད། ཐུན་མོང་མ་ཡིན་པའི་སྣོད་བཅུད་དང་ས་བབ་ཀྱི་ལེགས་ཆར་བརྟེན་ནས་བྱང་སྣེའི་གྲོང་ཚོས་སྣ་མང་གི་སྤྲོ་གསེང་ཉམས་ལེན་རྣམ་གྲངས་བཏོད་དེ་ཡུལ་སྐོར་བ་ཚང་མས་འཕྲེད་ཐིག་བྱང་མའི་ཏུའུ་53གྱི་མཐའ་མཚམས་གྲོང་ཚོ་ཆུང་ཆུང་དུ་སྐྱིད་སྣང་དོད་པའི་གུང་གསེང་གི་དུས་ཚོད་རོལ་ཐུབ་པ་བྱུང་ཡོད།

 

     མོ་ཧོ་བྱང་སྣེའི་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སིའི་ཅིང་ལི་གཞོན་པ་ཧྲི་ཆིང་ཧྭ་ཡིས“ད་ཆ་བྱང་སྣེའི་གྲོང་ཚོར་ཡོང་མཁན་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བཞིན་ཡོད། ང་ཚོས་ཡུལ་སྐོར་ལེ་ལག་ཚང་བའི་རིམ་སྤོར་དང་། མཛེས་ལྗོངས་ཁུལ་གྱི་ཞབས་ཞུ་ལེགས་སུ་གཏོང་བ། འཁྲབ་རྩལ་སྤེལ་རེས་འཐུས་ཚང་དུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་ཡུལ་སྐོར་བའི་ཡུལ་སྐོར་ལམ་ཐིག་རིང་དུ་བཏང་སྟེ་ཚང་མ་སྡོད་ཐུབ་པ་དང་རྩེད་མོ་སྐྱིད་པོ་ཡོང་བ་བྱས་ནས་བྱང་སྣེའི་གྲོང་ཚོའི‘བྱང་འཚོལ’ཞེས་པའི་མིང་བྱང་དེ་མུ་མཐུད་གསལ་པོར་བསྟན་རྒྱུ་ཡིན”ཞེས་ངོ་སྤྲོད་བྱས་པ་རེད།

     རིག་གནས་ཡུལ་སྐོར་ལས་རིགས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་པ་དང་ཆབས་ཅིག བྱང་སྣེའི་གྲོང་ཚོའི་དུད་ཚང་ཚང་མར“ཡུལ་སྐོར་ཟས་པ”ཟ་ཐུབ་པ་དང་གྲོང་མི་མི་ཉུང་བ་ཞིག་གིས་སྡོད་ཁང་དང་ཟ་ཁང་བཙུགས་ནས། ཁྱིམ་གྱི་སྒོ་ཁ་ནས་འབབ་འཕར་ཕྱུག་འགྱུར་བྱུང་ཡོད། ས་སྲོས་ཤར་སྐབས་སྐར་བདུན་ཐང་ཆེན་གྱི་མེ་ཕུང་ཇེ་ཆེར་འབར་ཞིང་། མེ་འོད་ཀྱིས་ཡུལ་སྐོར་བ་ཚོའི“བྱང་ཕྱོགས་འཚོལ་བའི”དགའ་སྤྲོའི་ངོ་གདོང་དམར་པོར་འཕྲོད་པ་མ་ཟད། ཡུལ་སྐོར་ལས་གཉེར་བ་དང་གྲོང་མི་ཚོའི་སེམས་ལ་དྲོ་སྐྱིད་ཀྱང་སྦྱིན་ཡོད། རྒྱུན་ཆད་མེད་པར་འགྲུལ་པ་དང་ཡུན་རིང་གྲགས་པའི་དགའ་སྒྲ་དང་དགོད་སྒྲས་གསོན་ཉམས་དོད་ཤོས་ཀྱི་མཆན་འགྲེལ་དུ་གྱུར་ནས་མེས་རྒྱལ་གྱི་ཆེས་བྱང་སྣེ་རུ་མཐའ་མཚམས་དར་རྒྱས་དམངས་ཕྱུག་གི་གཏམ་རྒྱུད་མུ་མཐུད་འབྲི་བཞིན་ཡོད།