འཚོལ་བཤེར།   
藏文频道
2026ལོའི་ཟླ་9ཚེས་3ཉིན།

༄༅།།བོད་ལྗོངས་སྐྱིད་གྲོང་གི་འདམ་རུད་གནོད་འཚེའི་འཚོལ་སྐྱོབ་བྱེད་ཁྱོན་སྨི་གྲུ་བཞི་མ་ཁྲི་159.1ཟིན། 

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 09ཚེས་03ཉིན། 14:29】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    གསར་འགོད་པར་ཟླ་9ཚེས་2ཉིན་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལྟའི་བར་དུ་རིམ་པར་རྩིས་ན་རོགས་སྐྱོབ་སྟོབས་ཤུགས་2300ལྷག་ཙམ་དང་། འཚོལ་སྐྱོབ་རླངས་འཁོར་ཐེངས་གྲངས་400ལྷག་ཙམ། འཚོལ་སྐྱོབ་སྒྲིག་ཆས་ཆ་ཚང་8000ལྷག་ཙམ། མི་མེད་གནམ་གྲུ་འཕུར་སྐྱོད་ཐེངས་གྲངས་800ལྷག་ཙམ། མཁའ་ཐོག་ནས་དངོས་རྫས་སྒྲིག་ཆས་ཏུན་5.43འཕངས་པ་དང་། ལྟེ་བའི་ས་ཁོངས་སུ་གློག་སྒྲོན་4དང་། དམའ་གནོན་གློག་གཏོང་རླངས་འཁོར་གཅིག གློག་གསོག་གྲུ་ཁང་1བཅས་བཀོད་སྒྲིག་བྱས་ཡོད། རྨང་གཞིའི་ས་ཚིགས་12ཀྱི་འཕྲིན་གཏོང་སླར་གསོ་བྱས་ནས་འཚོལ་སྐྱོབ་ལས་དོན་ལ་འགན་ལེན་བརྟན་པོར་བྱས་ཡོད་པ་རེད། གནོད་འཚེ་ཐོན་ཚུན་རིམ་པར་རྩིས་ན་མི་ཐེངས་གྲངས་336ལ་མ་དངུལ་བཏང་ནས་ལྟེ་བའི་ས་ཁོངས་སུ་འབྲེལ་མཐུད་དང་བར་མེད་རྣམ་པའི་འཚོལ་སྐྱོབ་ཐེངས་མང་བྱས་པས་འཚོལ་སྐྱོབ་བྱེད་ཁྱོན་རིམ་པར་རྩིས་ན་སྨི་གྲུ་བཞི་མ་ཁྲི་159.1ཟིན་ཡོད་པ་རེད།