གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 09ཚེས་03ཉིན། 14:29】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
གསར་འགོད་པར་ཟླ་9ཚེས་2ཉིན་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་9ཚེས་2ཉིན་གྱི་ཆུ་ཚོད་12པར་ས་གནས་དེ་གར་རིམ་པར་རྩིས་ན་ཁྱིམ་མིའི་ཁ་པར་ཐེངས་གྲངས་876(དེའི་ནང་རྒྱལ་ནང་ནས་ཐེངས་གྲངས་448དང་ཕྱི་རྒྱལ་ནས་ཐེངས་གྲངས་428)འབྱོར་བ་དང་དུས་ཐོག་ཏུ་ཐོ་འགོད་བྱས་ནས་འབྲེལ་ཡོད་བློ་འདྲིའི་ཞུ་བར་རིམ་བཞིན་ལན་བསློགས་པ་རེད།