འཚོལ་བཤེར།   
藏文频道
2026ལོའི་ཟླ་9ཚེས་3ཉིན།

༄༅།།ཀྲུང་གོས་ནེ་པ་ལ་དང་མཉམ་ལས་ཟབ་མོས་གནོད་འཚེར་ཁ་གཏད་འཇལ་བ། 

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 09ཚེས་03ཉིན། 14:03】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ནེ་པ་ལའི་གནམ་གཤིས་སྡེ་ཁག་དང་སྐད་འཕྲིན་ལས་དོན་ཚོགས་པ་བཙུགས་ནས། འབྲེལ་ཡོད་ཆ་འཕྲིན་དུས་ཐོག་ཏུ་མཉམ་སྤྱོད་དང་། ཀྲུང་གོ་དང་ནེ་པ་ལའི་དབར་མཐའ་མཚམས་གནམ་གཤིས་མཉམ་འབྲེལ་གྲོས་མོལ། ནེ་པ་ལའི་ཆུ་དཔྱད་གནམ་གཤིས་ཅུས་ལ“མ་ཙུའུ་”མངགས་བཟོའི་པར་གཞི་ཆེད་དུ་གསར་སྤེལ་བཅས་བྱས་པ་རེད།

    ནེ་པ་ལའི་8·26འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས་རང་རྒྱལ་གྱི་གནམ་གཤིས་དང་། ཆུ་བེད། རང་བྱུང་ཐོན་ཁུངས་སོགས་སྡེ་ཁག་གིས་ནེ་པ་ལའི་འབྲེལ་ཡོད་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ཏེ་ལྟ་ཞིབ་ཚད་ལེན་གྱི་ཆ་འཕྲིན་མཉམ་སྤྱོད་དང་གནམ་གཤིས་དང་ཆུ་དཔྱད་སོགས་ཀྱི་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱས་ནས་ལག་གདང་སྦྲེལ་ཏེ་གནོད་འཚེར་ཁ་གཏད་འཇལ་བ་རེད།