འཚོལ་བཤེར།   
藏文频道
2026ལོའི་ཟླ་9ཚེས་1ཉིན།

༄༅།།བོད་ལྗོངས་ཀྱི་མཐའ་སྲུང་ཉེན་རྟོག་པས་མང་ཚོགས་སྐྱོབ་ཐབས་བྱས།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 09ཚེས་01ཉིན། 16:06】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

ཟླ་ 8 ཚེས་ 26 ཉིན་གྱི་སྔ་དྲོ། ནེ་པ་ལའི་ཕྱོགས་སུ་འདམ་རུད་ཀྱི་གནོད་འཚེ་བྱུང་བའི་དབང་གིས། ཀྲུང་གོའི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་སྐྱིད་གྲོང་འགག་སྒོའི་་ས་ཚིགས་སུ་མི་སྣ་ཤི་རྨས་དང་། འབྲེལ་བ་ཆད་པའི་གནས་ཚུལ་ཚབས་ཆེན་བྱུང་། མིག་སྔར། ཉེན་སྐྱོབ་དང་གནོད་འཚེ་སེལ་བའི་ལས་དོན་ཁག་རིམ་བཞིན་སྤེལ་བཞིན་ཡོད།

ཟླ་ 8 ཚེས་ 27 ཉིན། གནོད་འཚེ་ཕོག་ཁུལ་དུ་ལུས་པའི་མང་ཚོགས་རྣམས་གང་མགྱོགས་སྐྱོབ་ཆེད། རྒྱལ་ཁབ་གནས་སྤོས་དོ་དམ་ཅུས་ཀྱིས་ཉེན་སྐྱོབ་དཔུང་སྡེ་ཞིག་བཙུགས་ཏེ། ལག་ཆ་ཡང་མོ་ཁྱེར་ནས་སྐྱིད་གྲོང་འགག་སྒོ་ས་ཚིགས་ཀྱི་གནོད་འཚེའི་ལྟེ་བའི་ས་ཁུལ་དུ་བསྐྱོད་རྒྱུའི་ཐག་བཅད།

ཟླ་ 8 ཚེས་ 29 ཉིན་གྱི་ཆུ་ཚོད་ 15 ཙམ་ལ། གནས་སྤོས་དོ་དམ་ཉེན་རྟོག་པའི་ཏང་ཡོན་18 ལས་གྲུབ་པའི་ཉེན་སྐྱོབ་དཔུང་སྡེ་དེས་ཉེན་རྟོག་དཔོན་དམག་ཡོངས་ཀྱི་རེ་བ་དང་མངག་བཅོལ་དང་དུ་བླངས་ནས། སྐྱིད་གྲོང་འགག་སྒོ་ས་ཚིགས་ཀྱི་གནོད་འཚེའི་ལྟེ་བའི་ས་ཁུལ་དུ་བསྐྱོད།

སྐྱིད་གྲོང་འགག་སྒོ་ས་ཚིགས་སུ་རྐང་ཐང་དུ་བསྐྱོད་པའི་ལམ་བར་དུ། ཉེན་རྟོག་པ་ཡན་ཞིང་རུང་གིས་ "གཤམ་ན་ང་ཚོའི་མི་དམངས་མང་ཚོགས་ཡོད་པས། ཁོ་ཚོ་བསུ་བར་འགྲོ། འཚོལ་བར་འགྲོ།"

"ང་ཚོའི་མང་ཚོགས་དང་། ང་ཚོའི་འཐབ་གྲོགས། ང་ཚོ་དང་ཉིན་མཚན་གཤིབ་པའི་སྤུན་ཟླ་རྣམས་དེ་གར་ཡོད།" སྐྱིད་གྲོང་འགག་སྒོ་ས་ཚིགས་ཀྱི་སྤྱི་ཁྱབ་རུ་དཔོན་གཞོན་པ་གུའེ་ཞིན་ཝེ་སྐད་ངག་འདར་བཞིན་དུ་བཤད་པ་སྟེ། "ཉིན་འདི་དག་རིང་མིག་བཙུམས་པ་ཙམ་གྱིས་ཁོ་ཚོ་དང་མཉམ་དུ་གཤིབ་པའི་རྣམ་པ་མིག་ལམ་དུ་འཆར་གྱིན་འདུག། ཁོ་ཚོ་བདེ་འཇགས་ངང་ཁྱིམ་དུ་ལོག་ཐུབ་པ་བྱུང་ན། ང་ཚོས་ག་རེ་བྱ་དགོས་ཡོད་རུང་འགྱོད་པ་མེད་" ཅེས་བཤད།

གཞིས་ཀ་རྩེ་ནས་རོགས་སྐྱོར་བྱེད་པར་ཡོང་བའི་གནས་སྤོས་དོ་དམ་ཉེན་རྟོག་པ་ཏིང་མིན་ལ་སྐྱིད་གྲོང་དུ་ལས་ཀ་བྱེད་མཁན་གྱི་ཕ་ཡུལ་གཅིག་པའི་གྲོགས་པོ་ཞིག་ཡོད། "ཁོང་ང་ལས་ལོ་ 2 སྔོན་ལ་ལས་ཀར་ཞུགས་པ་རེད། ངས་ཁོང་ཞེ་དྲག་དྲན་གྱི་འདུག" ཅེས་བཤད།

ཉེན་རྟོག་པ་ཡེ་དྲི་ཡིས་ "ངའི་དེ་སྔོན་གྱི་རུ་དཔོན་ཡང་དེ་ན་ཡོད་རེད" ཅེས་བཤད།

གསར་འགོད་པས་སྔོན་གྱི་རྒྱལ་སྒོ་ཡོད་སའི་ས་ཆ་དེ་ད་དུང་རྙེད་ཐུབ་བམ་ཞེས་དྲིས་པར། ཉེན་རྟོག་པ་ལེང་ཡུང་གིས་ "རྙེད་ལོས་ཐུབ། ང་ཚོ་འདིར་ལས་ཀ་བྱས་ནས་ལོ་ 10 ལྷག་ཕྱིན་ཡོད" ཅེས་བཤད།

ལམ་ཆད་པས་མུ་མཐུད་མདུན་དུ་བསྐྱོད་ཐབས་བྲལ་བས། འདམ་རུད་ཀྱིས་བསྲུབས་པའི་རི་བོ་བརྒལ་ཐབས་བྱེད་དགོས་བྱུང་།

པར་རིས་ལས་མཐོང་བ་ནི། ཟླ་ 8 ཚེས་ 29 ཉིན། ཉེན་སྐྱོབ་རུ་ཁག་གིས་སྐྱིད་གྲོང་རྫོང་གི་རྒྱལ་ལམ་ G216 ཐོག་གི་གནོད་འཚེ་ཕོག་པའི་ལམ་དུམ་བཟོ་ཆེད་གཅིག་སྡུད་ཐོག་ཉེན་སྐྱོབ་བཟོ་ལས་སྤེལ་བཞིན་ཡོད་པ་དང་། དེ་ནི་རྗེས་མའི་ཉེན་སྐྱོབ་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་འགན་ལེན་བྱེད་ཆེད་ཡིན།

པར་རིས་ལས་མཐོང་བ་ནི། ཟླ་ 8 ཚེས་ 29 ཉིན། ཉེན་སྐྱོབ་རུ་ཁག་གིས་སྐྱིད་གྲོང་རྫོང་གི་རྒྱལ་ལམ་ G216 ཐོག་གི་གནོད་འཚེ་ཕོག་པའི་ལམ་དུམ་བཟོ་ཆེད་གཅིག་སྡུད་ཐོག་ཉེན་སྐྱོབ་བཟོ་ལས་སྤེལ་བཞིན་ཡོད་པ་དང་། དེ་ནི་རྗེས་མའི་ཉེན་སྐྱོབ་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་འགན་ལེན་བྱེད་ཆེད་ཡིན།

"གནས་ཚུལ་ལྷགས་སར་གང་མགྱོགས་འབྱོར་ཐབས་བྱེད་འདོད་ཡོད།" ཉེན་རྟོག་པ་ལེང་ཡུང་གིས་“དོན་དངོས་སུ་ལམ་ཞིག་མེད་ན་ཡང་ཁྱེད་རང་ས་ཆ་དེར་སླེབས་དགོས་ཚེ། ངེས་པར་དུ་ཐབས་ཤེས་གང་ཡོད་ཀྱིས་ལམ་ཞིག་འཚོལ་དགོས་ "ཞེས་བཤད།

ཉེན་སྐྱོབ་ས་ཚིགས་སུ་འབྱོར་རྗེས། ཚང་མས་དོན་དག་གཅིག་རང་བསམ་གྱིན་ཡོད་པ་སྟེ། མགྱོགས་ཙམ། མགྱོགས་ཙམ། ད་དུང་མགྱོགས་ཙམ་བྱེད་དགོས་པ་དེ་རེད།

གསར་འགོད་པར་ཤེས་རྟོགས་བྱུང་བར། སྐྱིད་གྲོང་མཐའ་མཚམས་ཞིབ་བཤེར་ས་ཚིགས་སུ་ཁ་ཕྱེ་མེད་པའི་སྦྲག་སྐུར་མང་པོ་ཡོད། ཉེན་རྟོག་པས་དེ་དག་ནི་འབྲེལ་བ་ཆད་པའི་འཐབ་གྲོགས་ཀྱི་ཡིན་ཞེས་བཤད།

སྦྲག་སྐུར་དེ་དག་ལེན་པར་བདག་པོ་དངོས་སུ་ཡོང་དགོས།

ང་ཚོས་ཁྱེད་ཅག་ལོག་ཡོང་བར་སྒུག་ནས་བསྡད་ཡོད།