གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 09ཚེས་01ཉིན། 15:56】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཀ་ཏ་མན་རྡུ་ནས་ཟླ་8ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ནེ་པ་ལ་སྲིད་གཞུང་གི་རེ་ཞུ་ལྟར་ཟླ་8ཚེས་29ཉིན། འཕྲལ་སྡོམ་དོ་དམ་པུས་མངགས་པའི་ཀྲུང་གོ་ཕྱོགས་ཀྱི་ཕུག་ལམ་རིགས་གཅིག་མཁས་ཅན་5བོད་ལྗོངས་སྐྱིད་གྲོང་ནས་ཐད་འཕུར་གནམ་གྲུར་བསྡད་དེ། པེ་ཅིང་གི་དུས་ཚོད་ཚེས་29ཉིན་གྱི་ཆུ་ཚོད་16དང་སྐར་མ་58ལ་ནེ་པ་ལའི་གེགས་ཁུལ་དུ་འབྱོར་ནས་ནེ་པ་ལའི་ཆུ་ཤུགས་གློག་ཁང་གི་ཕུག་ལམ་རོགས་སྐྱོབ་ལས་དོན་ལ་འཕྲལ་མར་ཞུགས་པ་རེད། དེ་དང་ཆབས་ཅིག་རོགས་སྐྱོབ་ལས་དོན་གྱི་དགོས་མཁོ་གཞིར་བཟུང་སླར་ཡང་ཀྲུང་གོ་ཕྱོགས་ཀྱི་ཕུག་ལམ་རིགས་གཅིག་མཁས་ཅན་4ནེ་པ་ལར་མངགས་ནས་ནེ་པ་ལས་ཕུག་ལམ་རོགས་སྐྱོབ་ལས་དོན་སྤེལ་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཡོད།